《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2025年04月15日

དྲོད་ཁང་ཆེན་པོ་སྔོ་ཐིང་ཐིང་དུ་གྱུར་པ།

ཉེ་བའི་ལོ་ཤས་རིང་། གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་པ་དང་བསྟུན་ནས། རང་ལྗོངས་ཀྱི་ཞིང་འབྲོག་ལས་འཕེལ་རྒྱས་ཀྱིས་རྣམ་པ་གསར་རྐྱང་ཞིག་བསུས་ཡོད། དྲོད་ཁང་ཆེན་པོ་དང་། ས་མེད་འདེབས་གསོ། རིག་ནུས་ཅན་གྱི་གསོ་སྤེལ་སོགས་ཀྱི་གསར་གཏོད་ལག་རྩལ་དེང་རབས་ཞིང་ལས་ཐོན་ལས་གླིང་དུ་གཅིག་སྡུད་བེད་སྤྱོད་བྱས་པ་དེས་མི་རིགས་ཁག་གི་མང་ཚོགས་ཀྱི“ཤ་ཚལ་སྒོང་གསུམ”ཕུན་སུམ་ཚོགས་སུ་ཕྱིན་པ་མ་ཟད། ས་ཁོངས་དཔལ་འབྱོར་འཕར་བར་སྐུལ་ཁྲིད་བྱེད་པའི་སྒུལ་ཤུགས་གསར་པ་ཞིག་ཏུ་གྱུར་ཡོད།

འདི་ནི་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚལ་སྣེ་ཤང་རྒྱལ་ཁབ་དེང་རབས་ཞིང་ལས་དཔེ་སྟོན་ཁུལ་གྱི་ལག་རྩལ་མཛུབ་ཁྲིད་པ་ཨ་ནན་གྱིས(གཡས་ཀྱི་གཉིས་པ)གླིང་ཁུལ་གྱི་ལས་དོན་པར་ལག་རྩལ་མཛུབ་ཁྲིད་བྱེད་བཞིན་པ།