གསུམ། གློག་སྒུལ་རྐང་འཁོར་ལ་གློག་གསོག་སྐབས“བྱེད་རྒྱུ་མེད་པ་བཞི”
1.ཚད་ལྡན་བཟོ་གྲྭ་ནས་ཐོན་པའི་གློག་སྒུལ་རྐང་འཁོར་དང་གློག་གསོག་ཆས་ཉོ་དགོས་པ་ལས་གོང་ཁེ་པོར་རྔམ་སྟེ་སྤུས་ཚད་ཡག་པོ་མེད་པའི་གློག་གསོག་ཆས་ཉོ་རྒྱུ་མེད་པ།
2.རང་དགར་གློག་རྫས་དང་སྐུད་ལམ་བཟོ་བཅོས་རྒྱག་པ་དང་མྱུར་ཚད་ཚོད་འཛིན་གྱི་སྒྲིག་ཆས་བཤིག་པ་སོགས་བྱེད་རྒྱུ་མེད་པ།
3.རྡོ་སྐས་འོག་དང་བར་ཁྱམས་སམ་ཡང་ན་ཁང་པའི་ནང་དུ་གློག་གསོག་རྒྱུ་མེད་པ།
4.གློག་སྒུལ་རྐང་འཁོར་ལ་དུས་ཚོད་རིང་པོ་གློག་གསོག་རྒྱུ་མེད་པ་དང་གློག་རྫས་རྙིང་པ་ཆགས་ན་དུས་ཐོག་ཏུ་བརྗེ་པོ་རྒྱག་དགོས།
བཞི། གློག་སྒུལ་རྐང་འཁོར་གྱི“མི་ཆོག་པ་བདུན”
1.སྤུས་ཚད་མི་ལོན་པའི་གློག་སྒུལ་རྐང་འཁོར་དང་ལྷུ་ལག་གཏན་ནས་ཉོ་མི་ཆོག
2.རང་དགར་བཟོ་བཅོས་གཏན་ནས་རྒྱག་མི་ཆོག
3.གཏན་འབེབས་ལས་འགལ་ནས་གང་བྱུང་དུ་འཇོག་མི་ཆོག
4.གཏན་འབེབས་ཁུལ་ཁོངས་མ་ཡིན་པའི་སར་གློག་གཏན་ནས་གསོག་མི་ཆོག
5.སྐུད་ལམ་གང་བྱུང་དུ་ཁྲིད་དེ་གློག་གཏན་ནས་གསོག་མི་ཆོག
6.འབར་གས་སླ་བའི་དངོས་པོ་ཡོད་སར་གློག་གཏན་ནས་གསོག་མི་ཆོག
7.དུས་ཚོད་རིང་པོ་གློག་བསགས་ནས་བཞག་མི་ཆོག
(བོད་རང་སྐྱོང་ལྗོངས་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་མཁོ་འདོན་བྱས)