འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་4ཚེས་12ཉིན་གནས་ཚུལ་འབྱོར་གསལ། གསར་འགོད་པས་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱས་པར་གཞིགས་ན། རྒྱལ་ཡོངས་གཞོན་ནུའི་ཚན་རིག་ཁྱབ་གདལ་གྱི་གསར་གཏོད་ཚོད་ལྟ་དང་བརྩམས་ཆོས་འགྲན་བསྡུར་ཆེན་པོ(བོད་ལྗོངས་འགྲན་ཁུལ)སྐབས་བཅུ་གཅིག་པ་ཚེས་10ཉིན་འགོ་ཚུགས་པ་དང་བརྩམས་ཆོས་བསྡུ་བའི་ལས་དོན་དུས་མཉམ་དུ་སྤེལ་འགོ་ཚུགས་ཡོད། ཤེས་རྟོགས་བྱུང་བ་ལྟར་ན། སྐབས་འདིའི་འགྲན་བསྡུར་ནང་ལྗོངས་ཡོངས་ཀྱི་སློབ་འབྲིང་དང་མཐོ་སློབ་ཀྱི་སློབ་མར་ཕྱོགས་ནས་ཚན་རིག་ཁྱབ་གདལ་རིགས་ཀྱི་ཚོད་ལྟ་དང་གསར་གཏོད་བརྩམས་ཆོས་རྒྱ་ཁྱབ་ངང་བསྡུ་ཡི་ཡོད་ཅིང་། བརྗོད་དོན་གཙོ་བོར་མི་དང་འཕྲུལ་ཆས་མཉམ་ལས་དང་། ཚན་རྩལ་ལ་བརྟེན་ནས་འཚོ་བར་འགྱུར་ལྡོག་གཏོང་བ། འབྱུང་འགྱུར་གྱི་བར་སྣང་རླངས་འཁོར་སོགས་ཚུད་ཡོད་པ་རེད།
སྐབས་འདིའི་འགྲན་བསྡུར་འདི་ལོའི་ཟླ་4པ་ནས་ཟླ་8པའི་བར་གཅིག་རྗེས་གཉིས་མཐུད་སྤེལ་རྩིས་ཡོད་པ་རེད།
(གནམ་ཕྱུག་རྒྱལ་གྱིས་བསྒྱུར། བདེ་དབང་གིས་ཞུས)