འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། གསར་འགོད་པར་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། 2024ལོར་ལྷ་ས་གྲོང་ཁྱེར་གྱི་ལོ་འདི་གའི་མཐོ་སློབ་སློབ་ཐོན་སློབ་མ་སྤྱིར་ན་ལས་ཞུགས་ཐུབ་ཚད་95%ཟིན་པའི་ནང་ལྗོངས་ཕྱིར་ལས་ཞུགས་ཐུབ་ཚད་12%ཟིན་ནས་ལས་ཞུགས་ལས་གཏོད་ལས་དོན་སྤུས་འབྲས་ལེགས་གཉེར་བྱུང་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ན་ནིང་། ལྷ་ས་གྲོང་ཁྱེར་གྱིས་རིམ་པ་མང་བའི་ལས་ཞུགས་ལས་སྟེགས་བཙུགས་པ་བརྒྱུད། ལས་བསྡུའི་འདུ་ཚོགས་ཆེ་གྲས་དང་། ཆེད་དོན་ལས་བསྡུ། དྲ་ཐོག་ལས་བསྡུ་སོགས་ཀྱི་ལས་བསྡུའི་བྱེད་སྒོ་ཐེངས་174གཉེར་བ་དང་། “ལས་གནས་གཤམ་དུ་མཁོ་འདོན་བྱེད་པ”དང“ཁེ་ལས་སུ་ལས་མི་འོས་སྦྱོར་བྱེད་པའི”གནད་སྨིན་འབྲེལ་མཐུད་འདུ་ཚོགས་ཐེངས་26གཉེར་བ། རིམ་རྩིས་བརྒྱབ་ན། གསར་སྤེལ་ཁུལ་ནང་ལས་ཞུགས་ལས་གནས་ཁྲི་4ལྷག་ཙམ་དང་ལྗོངས་ཕྱིར་ལས་གནས་ཁྲི་1ལྷག་ཙམ་གསར་སྤེལ་བྱས་ཡོད། དེ་དང་ཆབས་ཅིག ལས་ཞུགས་བོད་སྐྱོར་གྱི་མཉམ་ལས་ལམ་སྲོལ་གཏིང་ཟབ་ཏུ་བཏང་ནས། གཡག་རྔ་དང་། ནན་ཅིང་། ཁྲེང་ཏུའུ་སོགས་གྲོང་ཁྱེར་7དང་ལས་ཞུགས་གྲོས་མཐུན་བཞག་པ་དང་། ཆེད་དོན་ལས་བསྡུའི་འདུ་ཚོགས་དང་ས་ཁོངས་སྒྲོལ་བའི“ཚོགས་སྒྲིག་རྣམ་པའི”ལས་ཞུགས་བྱེད་སྒོ་ཐེངས་13གཉེར་བས། མཐོ་སློབ་སློབ་ཐོན་སློབ་མ་323ཞུགས་རྒྱུའི་ཡིད་དབང་བཀུག་སྟེ་ལྗོངས་ཕྱིར་ལས་ཞུགས་བརྟན་པོ་ཐུབ་ཚད་90%ཡན་ཟིན་གྱི་ཡོད་པ་རེད། (པད་ཆོས་ཀྱིས་བསྒྱུར། བསོད་བདེ་ཆེ་བས་ཞུས)