《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年04月12日

རིག་ནུས་མི་མེད་ཟོག་འགྲེམས་རླངས་འཁོར་ཚོད་གཏོང་བྱས་པ།

􀲓 ཉིན་ཤས་བསྟུད་མར། རིག་ནུས་མི་མེད་ཟོག་འགྲེམས་རླངས་འཁོར་ཞིག་ཀྲེ་ཅང་ཞིང་ཆེན་ཧུའུ་ཀྲོའུ་གྲོང་ཁྱེར་ཏེ་ཆིང་རྫོང་མོ་ཀན་ཧྲན་གྲོང་རྡལ་གྱི་རི་ཁུལ་དུ་གཏོང་བའི་ཚོད་ལྟ་བྱས་པ་རེད། རིག་ནུས་མི་མེད་ཟོག་འགྲེམས་རླངས་འཁོར་དེར་AIགྲངས་གཞིའི་ཟུར་མཆན་དང་འདྲ་བཟོ་ཚོད་ལྟ་ར་སྤྲོད་གཞི་གཅིག་ཅན་གྱི་ལས་སྟེགས་ལ་བརྟེན་ནས་ཟོག་འགྲེམས་ཀྱི་སྐྱེལ་འདྲེན་ནུས་པ་ཁ་གསབ་བྱེད་ཆོག་པ་མ་ཟད། མི་དང་འཕྲུལ་འཁོར་མཉམ་ལས་ཀྱི་རྣམ་པ་སྤྱད་དེ་རྙོག་འཛིང་ཆེ་བའི་འགྲིམ་འགྲུལ་ཁོར་ཡུག་ཏུའང་ཉིན་མཚན་ཀུན་ཏུ་ལས་ཀ་བྱེད་ཐུབ་ཅིང་། འདི་ནི་ཀྲེ་ཅང་ཞིང་ཆེན་ཧུའུ་ཀྲོའུ་གྲོང་ཁྱེར་ཏེ་ཆིང་རྫོང་མོ་ཀན་ཧྲན་གྲོང་རྡལ་ལའོ་ལིང་གྲོང་ཚོར་ལས་དོན་པས་མི་མེད་ཟོག་འགྲེམས་རླངས་འཁོར་ལ་ཚོད་ལྟ་བྱེད་བཞིན་པ།