མི་དམངས་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་སྔར་བས་ཕུན་སུམ་ཚོགས་སུ་གཏོང་བ་དང་དམངས་ཡོངས་དཔེ་ཀློག་གི་རྣམ་པ་བཟང་པོ་བཏོད་ཆེད། ཟླ་4ཚེས་9ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་དཔེ་མཛོད་ཁང་གིས་དཔེ་མཛོད་ཁང་གི་ཞབས་ཞུ་དྲིལ་བསྒྲགས་གཟའ་འཁོར་གྱི་འགོ་ཚུགས་མཛད་སྒོ་གཉེར་ནས་གསུང་རྩོམ་ཀློག་པ་དང་། དཔེ་ཀློག་གི་མྱོང་ཚོར་མཉམ་སྤྱོད། ཡིག་གཟུགས་འགྲེམས་སྟོན་སོགས་ཀྱི་བྱེད་སྒོ་སྤེལ་བ་རེད།