བོད་ལྗོངས་གྲོང་ཁྱེར་འཕེལ་རྒྱས་ལན་ཧྭ་ནོར་མཛོད་རིག་གནས་ཚད་ཡོད་ཀུང་སི་ནི་རྫ་ཆས་དང་བོད་ཀྱི་རིག་གནས་ནང་དོན་རྨང་གཞིར་བྱས་ཏེ་གསོལ་ཆས་དང་། ཇ་ཆས། རྫ་ཆས་ལྡེབས་རིས་དང་དེ་བཞིན་བཟོ་རྩལ་ཐོན་རྫས་གཞན་དག་གསར་སྤེལ་བྱེད་པའི་ཀུང་སི་ཞིག་ཡིན། སྤུས་ཚད་མཐོ་བའི་ཆེད་ལས་ལག་རྩལ་ཤེས་ལྡན་པ་དེ་བས་མང་བ་གསོ་སྐྱོང་བྱ་ཆེད། ཀུང་སིས་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་སོགས་ལས་རིགས་ལག་རྩལ་སློབ་གླིང་མང་པོ་དང་རྒྱུན་མཐུད་ཆོག་པའི་མཉམ་ལས་བྱས་ཤིང་། འདི་ནི་ཀུང་སི་དེའི་ལས་མིས་རྫ་ཆས་བཟོ་བཞིན་པ།