《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2025年04月11日

བོད་རང་སྐྱོང་ལྗོངས་གསོ་རིག་ལྷན་ཚོགས་ཀྱིས་རང་ལྗོངས་ཀྱི་སྨན་བཅོས་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་གཏོང་བར་རམ་འདེགས་བྱས་པ།

གསོ་རིག་ཆེད་ཚན་གྱི་ཡན་ལག་ཚོགས་པའི་གྲངས་འབོར་31བར་མང་དུ་ཕྱིན་པ་དང་བོད་ཀྱི་གསོ་བ་རིག་པའི་ཚན་ཞིབ་ཞིབ་འཇུག་བྱ་གཞི་275སྤེལ་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གསར་འགོད་པས་བོད་རང་སྐྱོང་ལྗོངས་གསོ་རིག་ལྷན་ཚོགས་ཀྱི་ཁོངས་མིའི་འཐུས་མི་ཚོགས་ཆེན་ཐེངས་དྲུག་པའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཁོངས་མིའི་འཐུས་མི་ཚོགས་ཆེན་ཐེངས་ལྔ་པ་འཚོགས་ཚུན། རང་ལྗོངས་སུ་ས་མཐོའི་གསོ་རིག་དང་སྙིང་ཁམས་ཁྲག་རྩའི་ནད་རྐྱེན་རིག་པ་དང་། དབུཌ་ལམ་ནད་རྐྱེན་རིག་པ། རུས་ནད་རིག་པ། མིག་ནད་ཚན་ཁག་སོགས་ཆེད་ཚན་ཡན་ལག་ཚན་ཁག་མང་པོ་གསར་དུ་བཙུགས་པས་གསོ་རིག་ཆེད་ཚན་གྱི་ཡན་ལག་ཚོགས་པའི་གྲངས་འབོར་4ནས་31བར་འཕར་ཡོད། བོད་ཀྱི་གསོ་བ་རིག་པའི་ཚན་ཞིབ་ཞིབ་འཇུག་བྱ་གཞི་275སྤེལ་ནས་སློབ་གླིང་གི་སློབ་གསོ་དང་། སློབ་གྲྭ་ཐོན་རྗེས་ཀྱི་སློབ་གསོ། རྒྱུན་མཐུད་གསོ་རིག་སློབ་གསོ་བཅས་དང་འབྲེལ་མཐུད་བྱེད་པའི་ཤེས་ལྡན་པ་གསོ་སྐྱོང་གི་རྣམ་པ་གསར་པ་ཆགས་པར་བྱས་ཏེ་རང་ལྗོངས་ཀྱི་སྨན་བཅོས་ཆུ་ཚད་མུ་མཐུད་མཐོ་རུ་གཏོང་བར་རམ་འདེགས་བྱས་ཡོད།

(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད)

དཔུང་ཁག་འཛུགས་སྐྱོང་ཐད་གསོ་རིག་ལྷན་ཚོགས་ཀྱི་ལེགས་ཆ་བཏོན་ནས་ལོ་5ལམ་ལུགས་ཀྱི་གྲོང་གསེབ་ཀྱི་མངགས་ཐོའི་གནས་གཏན་འཁེལ་གྱི་སློབ་ཡོན་མི་དགོས་པའི་གསོ་རིག་སློབ་མའི་སློབ་རྒྱུས་སློབ་གསོ་དང་། ལོ་3ལམ་ལུགས་ཀྱི་སྨན་ཁང་དུ་སྡོད་པའི་སྨན་པ་བཀའ་བཅུ་པའི་ཚད་ལྡན་ཅན་གྱི་གསོ་སྦྱོང་། ལོ་2ལམ་ལུགས་ཀྱི་ཀུན་སྤྱོད་སྨན་པ་བཀའ་བཅུ་པ་གསོ་སྦྱོང་། ལོ་1ལམ་ལུགས་ཀྱི་ཤེས་ལྡན་པ་དཀོན་པའི་གསོ་སྦྱོང་བཅས་ལག་བསྟར་ལ་རམ་འདེགས་བྱས་ཡོད། “ཇོ་རིའི་ཤེས་ལྡན་པ”དང“བོད་ཀྱི་དམིགས་བསལ་གསོ་སྐྱོང”སོགས་རིམ་པ་མཐོ་བའི་ཤེས་ལྡན་པ་གསོ་སྐྱོང་གི་ཐབས་ལམ་བརྒྱུད་ཁག་ཐེངས་དབྱེ་བ་དང་། ཚོགས་སྒྲིག་རྣམ་པ། གཞི་ཁྱོན་ལྡན་པ། རིག་ཚན་མང་བ་བཅས་ཀྱི་ཤེས་ལྡན་པ་གསོ་སྐྱོང་དང་དཔུང་ཁག་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ཡོད།

གསོ་རིག་ཚན་ཞིབ་ཐད་ས་མཐོའི་ནད་སོགས་རང་སྐྱོང་ལྗོངས་རིམ་པའི་ནད་ཐོག་གསོ་རིག་ཞིབ་འཇུག་ལྟེ་གནས་9འཛུགས་གཏོད་ལས་དོན་སྒྲིག་འཛུགས་དང་དེའི་ནང་ཞུགས་པ་དང་། ནད་ཐོག་ལག་ལེན་ཐད་གསར་གཏོད་རང་བཞིན་གྱི་གྲུབ་འབྲས་རབ་དང་རིམ་པ་ཐོབ་པ། བོད་ཀྱི་གསོ་བ་རིག་པའི་ཚན་ཞིབ་ཞིབ་འཇུག་བྱ་གཞི་210དང་བོད་ཀྱི་གསོ་བ་རིག་པའི་ཚད་ལྡན་ཅན་གྱི་ཞིབ་འཇུག་རྣམ་གྲངས་65སྒྲིག་འཛུགས་བྱས་ནས་སྤེལ་བ། བོད་སྐྱོར་རིགས་གཅིག་མཁས་ཅན་གྱི“བརྒྱུད་རོགས་ཁྲིད་གསུམ”གྱི་ཚན་ཞིབ་ནུས་པ་བཏོན་པ་དང“ཚོགས་སྒྲིག་རྣམ་པའི་རོགས་སྐྱོར”རྣམ་གྲངས་564སྒྲིག་འཛུགས་བྱས་ནས་སྤེལ་བས། ས་གནས་དེ་གའི་སྨན་དོན་མི་སྣའི་ཚན་ཞིབ་འདུ་ཤེས་ལོ་རེ་ལས་མ་འདས་པར་ཟབ་ཏུ་ཕྱིན་ཡོད།

རིག་གཞུང་སྤེལ་རེས་ཐད་ཉེ་བའི་ལོ་ལྔའི་རིང་རིག་གཞུང་སྙན་ཞུ་དང་། གླེང་སྟེགས། གསོ་སྦྱོང་འཛིན་གྲྭ་སོགས་ཐེངས་100ལྷག་ཙམ་གཉེར་བའམ་ཡང་ན་སྒྲུབ་འགན་ཁུར་བར་རྒྱལ་ཁབ་ཕྱི་ནང་གི་རིགས་གཅིག་མཁས་ཅན་1000ལྷག་ཙམ་ཚོགས་འདུར་ཞུགས་པ་དང་རིག་ཚན་དབར་དང་རིག་གཞུང་ཚོགས་པའི་དབར་གྱི་འབྲེལ་བ་ཟབ་ཏུ་ཕྱིན་པ་དང་། དུས་དེབ་སྤུས་ལེགས་འདོན་པར་ཤུགས་སྣོན་བརྒྱབ་ནས《བོད་ལྗོངས་སྨན་རྫས》དུས་དེབ་ཏུ་་ཉེ་བའི་ལོ་ལྔའི་ནང་རྩོམ་ཡིག་ཁྲི་ལྷག་ཙམ་བསྡུས་པ་དང་རིག་གཞུང་རྩོམ་ཡིག་2700ལྷག་ཙམ་བཏང་བས་རིག་གཞུང་གི་གནས་བབ་རྒྱུན་མཐུད་མཐོ་རུ་ཕྱིན་ཡོད།