《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年04月08日

“ཁམ་བུའི་མེ་ཏོག་གི་མནའ་འབྲེལ་གན་འཇོག་མཛད་སྒོ”ཉིང་ཁྲིར་འཚོགས་པ།

འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་ཟླ་4ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཉིང་ཁྲིའི་ཁམ་བུ་མེ་ཏོག་དུས་ཆེན་སྒྲིག་འཛུགས་ཨུ་ལྷན་གྱིས་གཙོ་གཉེར་བྱས་པའི“ཁམ་བུའི་མེ་ཏོག་གི་མནའ་འབྲེལ་གན་འཇོག་མཛད་སྒོ”ཉིང་ཁྲིར་འཚོགས་པ་རེད། ཉིང་ཁྲི་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་། ནག་ཆུ་གྲོང་ཁྱེར་མི་དམངས་སྲིད་གཞུང་། པེ་ཅིང་གྲོང་ཁྱེར་ཕིང་ཀུའུ་ཆུས་རིག་གནས་ཡུལ་སྐོར་ཅུས། དེ་བཞིན་ཧྭ་ཝེ་ལག་རྩལ་ཚད་ཡོད་ཀུང་སི་དང་། ཀྲུང་གོ་རྒྱལ་ཁབ་ས་གཤིས། ཧྲང་ཧའེ་རང་བྱུང་ཚོགས་པ་ཚད་ཡོད་ཀུང་སི། ཅེ་ཐུའུ་རླངས་འཁོར་ཀུང་སི། བོད་ལྗོངས་མུའུ་ཡན་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སི་བཅས་ཕྱོགས་བདུན་གྱི་འཐུས་མི་མཉམ་དུ་གན་འཇོག་མཛད་སྒོར་ཞུགས་ནས་འཐབ་ཇུས་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་ཅིང་། དེ་ཐོག་ནས་ཁམ་བུའི་མེ་ཏོག་གི་དཔལ་འབྱོར་ས་ཁོངས་ལས་བརྒལ་བ་དང་ཁྱབ་ཁོངས་ལས་བརྒལ་བའི་མཉམ་ལས་དངོས་སུ་འགོ་ཚུགས་ནས་ཉིང་ཁྲི་གྲོང་ཁྱེར་གྱི་རིག་གནས་ཡུལ་སྐོར་དཔལ་འབྱོར་གོམ་པ་གལ་ཆེན་ཞིག་སྤོས་པ་མཚོན་ཡོད།

(ཉི་དོན་དང་པ་སངས་སྒྲོན་ལགས་ཀྱིས་སྒྱུར་ཞུས་བྱས)