འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་དམངས་སྲིད་ཐིང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ལྔའི་རིང་། རང་ལྗོངས་ཀྱིས་དབང་པོ་སྐྱོན་ཅན་གྱི་ཕན་བདེ་དང་། འཁྱམ་པོ་དང་སློང་མོ་བར་རོགས་སྐྱོབ། གཉེན་སྒྲིག་དོ་དམ་ཞབས་ཞུ། པུར་འཇུག་ཞབས་ཞུ་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་སྒྱུར་བཅོས་གསར་གཏོད་བྱས་ཏེ་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཧུར་ཐག་བྱས་པས་ལས་དོན་ཁག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། དེའི་ནང་དབང་པོ་སྐྱོན་ཅན་ལ“ཁ་གསབ་ཁག་གཉིས”ཀྱི་མ་དངུལ་སྒོར་དུང་ཕྱུར་9.5ལྷག་ཙམ་སྤྲད་ནས་མི་ཐེངས་ཁྲི་696.691ལ་ཕན་པ་ཐོབ་པས།
(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད) དམངས་སྲིད་ཀྱི་འགན་འཁྲི་མངོན་པ་མ་ཟད་དམངས་སྲིད་ཞབས་ཞུའི་སྤུས་ཚད་དང་ཆུ་ཚད་ཀྱང་མཐོ་རུ་ཕྱིན་ཡོད།
རང་ལྗོངས་ཀྱི་དབང་པོ་སྐྱོན་ཅན་གྱི“ཁ་གསབ་ཁག་གཉིས”ཀྱི་ཚད་གཞི་ཐེངས་གཉིས་མཐོ་རུ་བཏང་ནས་དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་གྱི་འཚོ་བའི་ཁ་གསབ་ཀྱི་ཚད་གཞི་དང་དབང་པོ་སྐྱོན་ཅན་ཚབས་ཆེའི་ནད་གཡོག་གི་ཁ་གསབ་ཚད་གཞི་མི་རེར་ཟླ་རེར་སྒོར་144དང་མི་རེར་ཟླ་རེར་སྒོར་288བར་སོ་སོར་མཐོ་རུ་བཏང་ཡོད། 2024ལོའི་ཟླ་12པའི་བར། དབང་པོ་སྐྱོན་ཅན་གྱི་ཁ་གསབ་ཁག་གཉིས་ཀྱི“ཞིང་ཆེན་ལས་སྒྲོལ་བའི་ཀུན་སྒྲུབ”རེ་ཞུ་2དང“བརྒྱུད་རིམ་ཧྲིལ་པོར་དྲ་ཐོག་ནས་སྒྲུབ་པའི”རེ་ཞུ་36བསྡུ་ལེན་བྱས་པ། 2024ལོའི་ཟླ་12པའི་བར་ལྗོངས་ཡོངས་སུ་སེམས་ཁམས་འཕྲོད་བསྟེན་ཕན་བདེའི་སྒྲིག་གཞི་3འཁོར་སྐྱོད་བྱེད་འགོ་ཚུགས་པ་དང་། རིམ་རྩིས་བརྒྱབ་ན། སེམས་ཁམས་མི་བདེ་བའི་ནད་པ་837བསྡུ་ལེན་བྱས་པ་དང་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཀྱི་སེམས་ཁམས་འཕྲོད་བསྟེན་དྲག་སྐྱེད་ཚོད་ལྟའི་རྣམ་གྲངས་གོང་ཞུ་བྱས་ཡོད།
ལྗོངས་ཡོངས་ཀྱི་རོགས་སྐྱོབ་དོ་དམ་གྱི་ས་ཁོངས་རང་བཞིན་ལྟེ་གནས་ཀྱི་ཚོད་ལྟའི་ལས་དོན་སྐུལ་སྤེལ་ཚོགས་འདུ་འཚོགས་ནས་འཁྱམ་པོ་སློང་མཁན་ལ་རོགས་སྐྱོབ་དོ་དམ་བྱེད་པའི་ས་གནས་དང་གྲོང་ཁྱེར་མཉམ་འགུལ་ཐུབ་པ་བྱུང་ནས་འཁྱམ་པོ་སློང་མཁན་གྱི་ཁྲིམས་མཐུན་ཁེ་དབང་འགན་ལེན་བྱས་པར་2024ལོའི་ཟླ་12པའི་བར་རིམ་རྩིས་བརྒྱབ་ན་འཁྱམ་པོ་སློང་མཁན་སོགས་གནས་སྐབས་དཀའ་ངལ་འཕྲད་མཁན་ཁྱོན་མི་ཐེངས་9689ལ་རོགས་སྐྱོབ་བྱས་པ་དང་རོགས་སྐྱོབ་མ་དངུལ་སྒོར་ཁྲི་987.85བཏང་བ་རེད།
“གཉེན་སྒྲིག་ཐོ་འགོད་སྐོར་སྐྱོད་ཞབས་ཞུ”དང“ཞིང་ཆེན་ལས་སྒྲོལ་བའི་ཀུན་སྒྲུབ”སོགས་ཀྱི་ལས་དོན་སྤེལ་བ་དང་སྐུལ་འདེད་བཏང་སྟེ། ཀྲུང་གོ་གསར་པ་དབུ་བརྙེས་ཚུན་ད་ཡོད་ཀྱི་གཉེན་སྒྲིག་ཐོ་འགོད་ལོ་རྒྱུས་ཡིག་ཚགས་ཚང་མ་གློག་རྡུལ་ཅན་དུ་འགྱུར་བ་དང་གཉེན་སྒྲིག་ཐོ་འགོད་ཡིག་ཚགས་ཀྱི་གྲངས་གཞི་ཁྱོན་ཡོངས་ནས་འཚོལ་བསྡུ་དང་མཉམ་སྤྱོད་ཐུབ་པ་བྱུང་བས། 2024ལོའི་ཟླ་12པའི་བར་རང་ལྗོངས་ཀྱིས་རིམ་རྩིས་བརྒྱབ་ན་ལྗོངས་ནང་ཁུལ་གྱི་གཉེན་སྒྲིག་ཐོ་འགོད་ཁྲི་22.1554བདག་གཉེར་བྱས་པ་དང་ཕྱི་རྒྱལ་དང་ཀང་ཨའོ་ཐའེ་གསུམ་དང་འབྲེལ་བ་ཡོད་པའི་གཉེན་སྒྲིག་ཐོ་འགོད་29བདག་གཉེར་བྱས་ཡོད།
དགེ་སྒྲུབ་རྩ་འཛུགས་སྤྱི་ཕན་བྱ་གཞག་ནང་ཞུགས་པ་དང་དགེ་སྒྲུབ་རྣམ་གྲངས་རྒྱ་སྐྱེད་གཏོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ཤིང་། མིག་སྔའི་བར་རིམ་རྩིས་བརྒྱབ་ན་ཡོམ་འགོག་གེགས་སེལ་གྱི་ཞལ་འདེབས་སྒོར་དུང་ཕྱུར་9.32བསྡུ་ལེན་བྱས་ཡོད། 2024ལོའི་ཟླ་12པའི་བར་སྤྱི་ཕན་དགེ་སྒྲུབ་མ་དངུལ་བསྡོམས་སྒོར་དུང་ཕྱུར་1.765གྲབས་གསོག་བྱས་ཏེ། ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭར་རྒྱབ་སྐྱོར་བྱས་པ་དང་། སྤྱི་ཚོགས་སྐུལ་སློང་བྱ་རྒྱུར་རྒྱུན་མཐུད་དམ་འཛིན་ཡག་པོ་བྱས་ཏེ་དགེ་སྒྲུབ་ཤེས་བྱ་ཁྱབ་གདལ་གཏོང་བ་དང་དགེ་སྒྲུབ་རིག་གནས་ཁྱབ་སྤེལ་བཏང་ཡོད།
(ཚེ་ཁོས་བསྒྱུར། བདེ་དབང་གིས་ཞུས)