《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年04月07日

སྲིད་གཞུང་གི་ལས་དོན་སྙན་སྒྲོན་གྱི་སྙིང་བཏུས།

2025ལོའི་སྲིད་གཞུང་ལས་དོན་གྱི་ལས་འགན།

1 སྦགས་བཙོག་འགོག་བཅོས་དང་སྐྱེ་ཁམས་འཛུགས་སྐྱོང་ལ་ཤུགས་རྒྱག་དགོས།

གནམ་སྔོན་པོ་དང་། ཆུ་དྭངས་མོ། ས་གཙང་མ་བཅས་ལ་སྲུང་སྐྱོབ་བྱེད་པའི་དམག་འཐབ་ལ་རྒྱུན་མཐུད་སྐུལ་འདེད་གཏིང་ཟབ་གཏོང་དགོས།

སྲ་གཟུགས་ཟོག་རོ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་བྱ་སྤྱོད་འཆར་གཞི་བཟོ་དགོས།

“བྱང་གསུམ”ལས་གྲྭའི་མཚོན་རྟགས་རང་བཞིན་གྱི་གཡུལ་འགྱེད་ལ་གྲུབ་འབྲས་གལ་ཆེན་ཐོབ་པར་སྐུལ་འདེད་གཏོང་དགོས།

མཛེས་སྡུག་ལྡན་པའི་ཀྲུང་གོའི་སྔོན་བསྟར་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས།

2 ལྗང་མདོག་ཐཱན་ཉུང་གི་དཔལ་འབྱོར་འཕེལ་རྒྱས་མགྱོགས་སུ་གཏོང་དགོས།

ལྗང་མདོག་ཐཱན་ཉུང་གི་སྔོན་ཐོན་ལག་རྩལ་གྱི་དཔེ་སྟོན་ལས་གྲྭ་ལག་བསྟར་གཏིང་ཟབ་བྱེད་དགོས།

ནུས་ཁུངས་དང་ཆུ་བེད་སྤྱོད་བྱེད་མཁན་སྡེ་ཚན་གཙོ་བོའི་ནུས་ཁུངས་དང་ཆུ་གྲོན་ཆུང་ལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས།

ཟད་གྲོན་ཆེ་བའི་རྣམ་གྲངས་ལ་ལྟ་འདོམས་ནུས་ལྡན་བྱེད་དགོས།

ལྗང་མདོག་འཛད་སྤྱོད་ཀྱི་སྐུལ་ལྕག་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས།

3 ཐཱན་ཚད་རྩེར་སོན་དང་ཐཱན་ཚད་སྙོམ་སྦྱོར་ལ་སྐུལ་འདེད་ཧུར་ཐག་དང་བརྟན་པོ་གཏོང་དགོས།

ཐཱན་འབུད་ཚད་ཀླད་ཀོར་ཡིན་པའི་གླིང་ཁུལ་དང་བཟོ་གྲྭ་ཁག་གཅིག་འཛུགས་དགོས།

རྒྱལ་ཡོངས་ཀྱི་ཐཱན་འབུད་དབང་ཆ་ཉོ་ཚོང་ཁྲོམ་རའི་ལས་རིགས་ཀྱི་ཁྱབ་རྒྱ་ཆེ་རུ་གཏོང་དགོས།

ཐོན་རྫས་ཀྱི་ཐཱན་ཤུལ་དོ་དམ་མ་ལག་དང་ཐཱན་གྱི་མཚོན་རྟགས་དཔང་བདེན་ར་སྤྲོད་བྱེད་པའི་ལམ་ལུགས་འཛུགས་དགོས།

“ཐང་རྒོད་དང་། བྱེ་ཐང་། མྱ་ངམ་ཐང”བཅས་ཀྱི་ནུས་རྒྱུ་གསར་པའི་རྟེན་གཞི་མགྱོགས་པོ་སྐྲུན་དགོས།

4 ལས་ཞུགས་བརྟན་པོ་དང་རྒྱ་སྐྱེད་གཏོང་བའི་ཤུགས་ཚད་སྔར་བས་ཆེ་རུ་གཏོང་དགོས།

གཙོ་གནད་ཁྱབ་ཁོངས་དང་། གཙོ་གནད་ལས་རིགས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་བཅས་དང་ཁེ་ལས་འབྲིང་ཆུང་ཕྲན་གསུམ་བཅས་ཀྱི་ལས་ཞུགས་ལ་རྒྱབ་སྐྱོར་བྱེད་པའི་འཆར་གཞི་ལག་བསྟར་བྱེད་དགོས།

ལག་རྩལ་གསར་པ་བཀོལ་སྤྱོད་དང་ལས་གནས་བརྗེ་སྒྱུར་ལ་སྤྱི་འདོམས་ཡག་པོ་བྱས་ནས་ལས་ཞུགས་ཀྱི་གོ་སྐབས་གསར་པ་སྐྲུན་དགོས།

གཞི་ཁྱོན་ཆེ་བའི་ལས་རིགས་རྩལ་ནུས་མཐོར་འདེགས་ཀྱི་གསོ་སྦྱོང་བྱ་སྤྱོད་སྤེལ་དགོས།

རྩལ་ནུས་ཁྲིད་སྟོན་གྱི་གླ་ཆ་བགོ་བཤའི་ལམ་ལུགས་གང་མགྱོགས་འཛུགས་དགོས།

5 གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུར་ཤུགས་རྒྱག་དགོས།

བདེ་ཐང་སྔོན་ལ་འཇོག་པའི་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་ལེན་བསྟར་དགོས།

ནད་པ་ལྟེ་བར་བཟུང་ནས་སྨན་བཅོས་ཞབས་ཞུ་ལེགས་བཅོས་རྒྱུན་མཐུད་བྱེད་དགོས།

སྨན་བཅོས་འཕྲོད་བསྟེན་གྱི་རྨང་བརྟན་ལས་གྲྭ་ལག་བསྟར་བྱེད་དགོས།

གྲོང་མིའི་སྨན་བཅོས་འགན་བཅོལ་དང་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་གྲོན་དངུལ་ཆ་སྙོམས་མི་རེར་ནོར་སྲིད་ཀྱི་ཁ་གསབ་ཚད་གཞི་སླར་ཡང་སྒོར་30དང་སྒོར་5སོ་སོར་སྤོར་རྒྱུ།

6 སྤྱི་ཚོགས་འགན་སྲུང་དང་ཞབས་ཞུའི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་དགོས།

གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོའི་དངུལ་གྱི་ཚད་གཞི་དམའ་ཤོས་སླར་ཡང་སྒོར་20མཐོ་རུ་གཏོང་རྒྱུ། ལས་འཁྱུར་ངལ་གསོ་རྒྱག་མཁན་མི་སྣའི་གཞི་རྩའི་རྒན་གསོའི་དངུལ་མཐོ་རུ་འོས་འཚམ་གཏོང་རྒྱུ།

སྡེ་ཁུལ་གྱིས་རྒྱབ་སྐྱོར་བྱེད་པའི་ཁྱིམ་སྡོད་རྒན་གསོར་སྐུལ་འདེད་གཏོང་དགོས།

བུ་བཙར་སྐུལ་སྤེལ་གཏོང་བའི་སྲིད་ཇུས་གཏན་འབེབས་བྱེད་དགོས།

ཁྲིམས་བཀོད་ལས་འཁྱུར་ངལ་གསོའི་ལོ་ཚོད་རིམ་བཞིན་ཕྱིར་འགྱངས་བྱེད་པའི་སྒྱུར་བཅོས་ལག་བསྟར་བརྟན་པོ་བྱེད་དགོས།

དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་སྲུང་བྱེད་དགོས།

7 བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལ་ཤུགས་རྒྱག་དགོས།

དམངས་ཡོངས་ཀྱི་དཔེ་ཀློག་བྱེད་སྒོ་གཏིང་ཟབ་ཏུ་གཏོང་དགོས།

དུས་རབས་གསར་པའི་དྲ་རྒྱའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས།

རིག་གནས་ཀྱི་ལས་རྣམ་དཔེ་གསར་འཕེལ་རྒྱས་མགྱོགས་སུ་གཏོང་དགོས།

རྒྱལ་ཡོངས་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པ་དང་འཛམ་གླིང་གི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པ་ཡག་པོ་གཉེར་དགོས།

གངས་འཁྱགས་ལུས་རྩལ་དང་གངས་འཁྱགས་དཔལ་འབྱོར་འཕེལ་རྒྱས་ཧུར་ཐག་གཏོང་དགོས།

8 རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་དགོས།

རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོང་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས།

གཞི་རིམ་གྱི་འཕྲལ་སྡོམ་རྨང་གཞི་དང་སྟོབས་ཤུགས་ཆེ་རུ་གཏོང་དགོས།

བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བཅོས་འགག་སྒྲོལ་གྱི་ལོ་གསུམ་བྱ་སྤྱོད་གཏིང་ཟབ་སྤེལ་དགོས།

སློབ་གྲྭའི་སློབ་མའི་ཟ་མ་དང་ལས་སྟེགས་ཀྱི་ཉོ་སྐྱེལ་གྱི་བདེ་འཇགས་ལྟ་འདོམས་ལས་ཀར་དམ་འཛིན་ཡག་པོ་བྱེད་དགོས།

9 ད་ལོ“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་བཟོ་འགོད་ཀྱི་ལས་དོན་སྤེལ་དགོས།

ཚན་རིག་དང་མཐུན་པའི་སྒོ་ནས་འཕེལ་རྒྱས་ཀྱི་དམིགས་ཚད་གཏན་འཁེལ་བྱེད་པ། འཐབ་ཇུས་ཀྱི་ལས་འགན་གལ་ཆེན་དང་། སྲིད་ཇུས་དང་བྱེད་ཐབས་གལ་ཆེན། ལས་གྲྭ་དང་རྣམ་གྲངས་གལ་ཆེན་བཅས་འཆར་འགོད་ཡག་པོ་བྱེད་དགོས།

10 ཕྱོགས་ཡོངས་ནས་སྲིད་གཞུང་གི་འགན་སྒྲུབ་ནུས་པ་ཆེ་རུ་བཏང་སྟེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཇི་མ་ཇི་བཞིན་དོན་འཁྱོལ་ཡོང་བར་འགན་ལེན་ཏན་ཏིག་བྱེད་དགོས། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལ་ཤུགས་རྒྱག་དགོས། སྲིད་འཛིན་གྱི་ཕན་འབྲས་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏོང་དགོས།

སྲིད་གཞུང་གི་སྒྲིག་གཞི་དང་། འགན་ནུས། དབང་ཚད། ལས་རིམ། འགན་འཁྲི་བཅས་ཁྲིམས་བཀོད་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས།

གསར་གཏོད་རང་བཞིན་གྱི་ལག་བསྟར་དོན་འཁྱོལ་བྱེད་ནུས་ཆེ་རུ་གཏོང་དགོས།

གྲངས་འཛིན་སྲིད་གཞུང་འཛུགས་སྐྲུན་མགྱོགས་སུ་གཏོང་དགོས།

“ནུས་ཆེའི་སྒོ་ནས་དོན་དག་གཅིག་སྒྲུབ་པ”ཡི་གཙོ་གནད་དོན་ཚན་གྱི་གསལ་ཐོའི་དོ་དམ་དང་རྒྱུན་རྣམ་ཅན་གྱི་སྐུལ་འདེད་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས།