《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年04月07日

ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་གིས་མཛེས་མཐུན་གྱི་གྲོང་གསེབ་འཛུགས་སྐྲུན་ལ་ཐབས་བཟང་བཏོན་པ།

ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་བྱས་ནས“སྒུལ་ནུས”གཅིག་ཏུ་བསྒྲིལ་ཏེ་

མཉམ་སྡེབ་དཔལ་འབྱོར་གྱི“སྟོབས་ཤུགས”ཆེ་རུ་བཏང་བ།

འདི་ནི་བྲག་གསུམ་མཚོའི་འགྲམ་དུ་གནས་པའི་ཀོང་པོ་རྒྱ་མདའ་རྫོང་མཚོ་མགོ་ཤང་བྱེ་པ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་དམངས་སྲོལ་གནས་ཚང་ཡིན་པ།

འདི་ནི་ཀོང་པོ་རྒྱ་མདའ་རྫོང་རྒྱ་མདའ་ཤང་ཐའེ་ཀྲའོ་གྲོང་ཚོས་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་བགོ་འགྲེམས་རྒྱག་བཞིན་པ།

འདི་ནི་ཀོང་པོ་རྒྱ་མདའ་རྫོང་ཀོང་པོ་རྒྱ་མདའ་གྲོང་རྡལ་བཅའ་སྡེ་སྒང་གྲོང་ཚོས་མང་ཚོགས་ལ་བགོ་འགྲེམས་རྒྱག་བཞིན་པ།

“2024ལོར་ང་ཚོའི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཡག་པོ་བྱུང་བ་དང་ཡུལ་སྐོར་ཐད་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཏེ། གྲོང་ཚོ་ཡོངས་ཀྱི་དུད་ཚང་108ལ་སྒོར་ཁྲི་180ལྷག་ཙམ་བགོ་འགྲེམས་བརྒྱབ་ཐུབ་སོང”ཞེས་ཀོང་པོ་རྒྱ་མདའ་རྫོང་མཚོ་མགོ་ཤང་མཚོ་མགོ་གྲོང་ཚོའི་བགོ་འགྲེམས་བྱ་ཡུལ་དུ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བློ་བཟང་ཆོས་འཕེལ་གྱིས་ངོ་གདོང་ལས་འཛུམ་མདངས་འཕྱུར་བཞིན་བཤད།

“གྲོང་ཚོའི་ཏང་ཀྲི་པུའི་སྣེ་ཁྲིད་འོག གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་བྱུང་ནས་ཁྱིམ་ཚང་ཚང་མར་ཡོང་འབབ་གསོག་རྒྱུ་བྱུང་ཡོད”ཅེས་ཡུལ་མི་གསལ་སྒྲོན་གྱིས་མྱོང་ཚོར་ཟབ་མོས་བཤད།

མཚོ་མགོ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཕན་འབྲས་ཆེ་རུ་ཕྱིན་པ་ནི་ཀོང་པོ་རྒྱ་མདའ་རྫོང་གིས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་མངོན་གསལ་དོད་པོར་བཞག་པ་ལས་བྱུང་བའི་ཞིང་པའི་འབབ་འཕར་ཕྱུག་འགྱུར་གྱི་མཚོན་ཚུལ་ཞིག་རེད།

གཙོ་རྐང་གཅིག་ལ་བརྟེན་ནས་ཁ་ཕྱོགས་གསལ་སྟོན་བྱས་པ།

“2024ལོ་ནས་བཟུང་། ཀོང་པོ་རྒྱ་མདའ་རྫོང་ཨུད་ཀྱིས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་འགན་ལེན་རིགས་གསུམ་ཏན་ཏིག་ཡོང་བའི་ཐོག་བྱེད་སྟངས་སྣ་ཚོགས་སྤྱད་དེ‘1+3+N’ཡི་ལས་ཀའི་ལམ་སྲོལ་ཆགས་པར་བྱས་ནས། རྫོང་ཡོངས་ཀྱི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་སྤྱིའི་ཡོང་འབབ་སྒོར་ཁྲི་3900ལས་བརྒལ་བར་སྐུལ་འདེད་བཏང་བ་དེ་དུས་མཚུངས་ལས་44%འཕར་བས། ཡོང་འབབ་མེད་པའི་གྲོང་ཚོ་ཚང་མར་ཡོང་འབབ་བྱུང་ནས་སྒོར་ཁྲི་བརྒྱ་ཡན་གྱི་གྲོང་ཚོ་8ཟིན་ཡོད”ཅེས་ཀོང་པོ་རྒྱ་མདའ་རྫོང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་དང་རྩ་འཛུགས་པུའི་པུའུ་ཀྲང་ཧུའེ་ཕེང་གིས་བཤད།

2024ལོ་ནས་བཟུང་། ཀོང་པོ་རྒྱ་མདའ་རྫོང་གིས་ཏང་འཛུགས་ཀྱི་སྣེ་ཁྲིད་གཙོ་རྐང་མཐའ་འཁྱོངས་དང“ཧྲུའུ་ཅིའི་རྣམ་གྲངས”གཞི་རྟེན་དུ་བྱས་ཏེ། ཏང་འཛུགས་སྐྱོང་གི་ལས་དོན་དེ་མཐོང་ཐུབ་པ་དང་། ཤོད་ཐུབ་པ། དམ་འཛིན་ཏན་ཏིག་ཐུབ་པ་བཅས་ཀྱི་རྣམ་གྲངས་སུ་འགྱུར་བར་སྐུལ་འདེད་བཏང་བ་དང་། རྫོང་ཨུད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་བསམ་ཕྱོགས་དང་གྲོང་ཚོ་ཁག་གི་ཐོན་ལས་འཕེལ་རྒྱས་ཀྱི་དོན་དངོས་ལ་གཞིགས་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རིགས་ཀྱི“ཧྲུའུ་ཅིའི་རྣམ་གྲངས”29གཏན་འཁེལ་བྱས་པ་མ་ཟད། འབྲེལ་ཡོད་ཚན་པའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིས་ཧུར་ཐག་གཉེར་རྒྱུར་མཐུན་སྦྱོར་བྱས་ནས་མཉམ་སྡེབ་དཔལ་འབྱོར་ལ་དམ་འཛིན་ཤུགས་ཆེན་བྱེད་པའི་བསམ་ཇུས་གཅིག་གི་ལས་ཀའི་རྣམ་པ་བཏོད་ཡོད།

འགན་ལེན་ཆེན་པོ་གསུམ་ཀྱི་རྨང་གཞི་བརྟན་དུ་བཏང་བ།

གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་རིང་། གཉེར་སྐྱོང་དོ་དམ་དང་། ཤེས་ལྡན་པ་གསོ་སྐྱོང་། ཁེ་སྤོགས་བགོ་འགྲེམས། དཔལ་འབྱོར་ལ་ལྟ་འདོམས་སོགས་ཕྱོགས་མང་པོའི་མངོན་གསལ་དོད་པའི་དཀའ་གནད་ལ་དམིགས་ནས། ཀོང་པོ་རྒྱ་མདའ་རྫོང་གིས་ལམ་སྲོལ་དང་། ཞབས་ཞུ། ལྟ་འདོམས་བཅས་འགན་སྲུང་བྱེད་པའི་འགན་ལེན་གལ་ཆེན་གསུམ་ལ་ཤུགས་སྣོན་ཧུར་ཐག་བརྒྱབ་སྟེ། གཞི་རིམ་ཏང་རྩ་འཛུགས་ཀྱི་འཕེལ་རྒྱས་ནུས་པ་དང་གཉེར་སྐྱོང་ཚོགས་པ་སྟོབས་ཆེར་བཏང་ནས་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་པོ་འདིང་རྒྱུར་རོགས་རམ་བྱས་ཡོད།

གྲོང་ཚོའི་ལས་བྱེད་པའི་ཕྱོགས་བསྡུས་བྱང་ཚད་དམའ་བ་དང་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཀྱི་དགོས་མཁོར་འདེགས་སྐྱོར་བྱེད་དཀའ་བའི་གནད་དོན་ལ་དམིགས་ནས། ཀོང་པོ་རྒྱ་མདའ་རྫོང་ཨུད་ཀྱིས“བྱ་ཐབས་གནད་སྨིན”བཏོན་ནས་གྲོང་ཚོའི་ལས་བྱེད་པའི་བྱང་ཚད་དང་འཇོན་ཐང་ཆེ་རུ་གཏོང་བའི“རྨང་གཞི་བརྟན་གཏོང་གི་འཆར་གཞི”བཏོན་པ་དང་། སློབ་གསོ་གསོ་སྐྱོང་དང་། སློབ་རྒྱུས་མཐོར་གཏོང་། བྱ་དགའི་ལྕག་སྐུལ། སེམས་ཁུར་གཅེས་སྐྱོང་བཅས་ཀྱི་འབྲེལ་ཡོད་ཀྱི་བྱ་ཐབས་ཁག་25བཟོས་པ་མ་ཟད། གྲོང་ཚོའི་ཏང་རྩ་འཛུགས་ཀྱི་ལས་བྱེད་དཔུང་ཁག་ལོ་ཅུང་ཆེ་བ་དང་། རིག་གནས་ཆུ་ཚད་དམའ་བ། འཇོན་ཐང་ཞན་པ། ཐོབ་ཆ་ཉུང་བ་སོགས་ཀྱི་དཀའ་གནད་སེལ་རྒྱུ་འཚོལ་ཞིབ་བྱས་པར་ཕན་འབྲས་ངེས་ཅན་ཐོན་ཡོད།

ཞབས་ཞུ་འགན་ལེན་ཐད། རྒྱུན་རྣམ་ཅན་གྱི་སྒོ་ནས་གྲོང་ཚོའི(སྡེ་ཁུལ)“ཨུ་ལྷན་གཉིས”ཀྱི་རྐང་འཛིན་པ་ཧྥུའུ་ཅན་དང་ཡུན་ནན་སོགས་སུ་རེས་འཁོར་སྦྱོང་བརྡར་བྱེད་པར་སྒྲིག་འཛུགས་བྱས་ནས་སྐབས་བརྗེའི་འགན་འཁུར་རིང་ལྗོངས་ཕྱིར་གསོ་སྦྱོང་བྱ་རྒྱུ་ཁྱོན་ཡོངས་ལ་ཁྱབ་ཐུབ་པ་བྱས་ཡོད།

འཕེལ་རྒྱས་གཏོང་སྟངས་སྣ་ཚོགས་སྤྱད་པ།

མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་བར་ངེས་པར་དུ་ལེགས་སྤེལ་ཉེས་འགོག་དང་ཡུལ་བབ་དང་བསྟུན་དགོས་པས། ཀོང་པོ་རྒྱ་མདའ་རྫོང་གི་གྲོང་ཚོ(སྡེ་ཁུལ)ཁག་གིས་དོན་དངོས་ལ་གཞིགས་ནས་ཕུན་སུམ་ཚོགས་པའི་ཐོན་ཁུངས་དང་འགྲིམ་འགྲུལ་གྱི་ལེགས་ཆར་དམིགས་ཏེ་ངེས་གནས་དང་རྣམ་གྲངས་ཡང་དག་བཙལ་ནས་འཕེལ་རྒྱས་བཏང་བས་རྫོང་ཡོངས་ཀྱི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་འཕེལ་རྒྱས་བྱེད་ཐབས་ཕུན་སུམ་ཚོགས་སུ་ཕྱིན་ཡོད།

—— ཐོན་ཁུངས་གཙོ་ཁྲིད་ཀྱི་རྣམ་པ་ཟབ་ཏུ་བཏང་བ། མཚོ་མགོ་ཤང་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་5ཡིས་བྲག་གསུམ་མཚོ་རྒྱལ་ཁབ་རིམ་པ་5Aམཛེས་ལྗོངས་ཁུལ་གྱི་ལེགས་ཆ་གང་ལེགས་སྤྱད་དེ་གྲོང་གསེབ་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཤུགས་ཆེན་བཏང་བ་དང་སྤུས་རྟགས་ཀྱི་དམངས་སྲོལ་གནས་ཚང་དང་། རིག་གནས་ཇ་ཁང་། བྱེ་ཐང་དུ་སྦག་སྦག་གཏོང་བ་སོགས་ཡུལ་སྐོར་རྣམ་གྲངས་བསྐྲུན་པར་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་535ཟིན་ཡོད། རྒྱ་ཤིང་ཤང་དང་། ཉང་ཕུ་ཤང་། སྤྱི་མདའ་ཤང་བཅས་གཙོ་གནད་དུ་བྱས་ཏེ་ཁྱད་ལྡན་གསོ་སྤེལ་འཕེལ་རྒྱས་གཏོང་བ་དང་། འབྲི་གཡག(མཛོ)དང་ཕག་པ་དུད་ཚང་དུ་གསོ་སྤེལ་བྱེད་པའི་རྣམ་གྲངས་ལག་ལེན་བསྟར་བ། ཤྭ་བ་གསོ་སྤེལ་རྟེན་གཞི་འཛུགས་པ། བོད་ཕག་གཞི་ཁྱོན་ཅན་གྱི་གསོ་སྤེལ་ཚད་ལྡན་དུ་གཏོང་བ་བཅས་བྱས་ནས“ཀོང་གཡག”སོགས་ས་མཐོའི་འབྲོག་ལས་ཀྱི་སྤུས་རྟགས་ཤིག་ཆགས་ནས་ཐོན་ཁུངས་ཀྱི་ལེགས་ཆ་དཔལ་འབྱོར་གྱི་ལེགས་ཆར་ཏན་ཏིག་བསྒྱུར་ཡོད།

—— ལས་རྣམ་གསར་པ་འཚོལ་ཞིབ་བྱས་པ། རྒྱལ་ཁབ་རིམ་པའི་དེང་རབས་ཞིང་ལས་ཐོན་ལས་གླིང་བསྐྲུན་པར་བརྟེན་ནས། ཀོང་པོ་རྒྱ་མདའ་རྫོང་གིས་རྨང་བརྟན་དམངས་ཕན་གྱི་མ་དངུལ་སྒོར་ཁྲི་800བསྡུ་སྒྲིལ་བྱས་ནས་བོད་ཕག་ལས་སྣོན་གྱི་ཐོན་ལས་བཏོད་ཡོད། རྒྱ་ཤིང་ཤང་གིས“གློག་རང་གཏོང་རང་སྤྱོད་དང་ལྷག་འཕྲོ་སྤྱི་པའི་གློག་དྲར་གཏོང་བའི”བྱེད་ཐབས་སྤྱད་དེ་ཁང་སྟེང་དུ་འོད་ཤུགས་ཤེལ་ལྷེབ་བསྒར་བའི་རྣམ་གྲངས་ཚོད་ལྟའི་ལག་ལེན་བསྟར་བས་ཉིང་ཁྲི་གྲོང་ཁྱེར་གྱི་འོད་ཤུགས་ཐོན་ལས་མེད་པ་ནས་ཡོད་པའི་བར་འཕེལ་རྒྱས་ཕྱིན་ཡོད།

—— རྒྱུ་ནོར་ཕན་སྒྱུར་གྱི་རྣམ་པ་མཐའ་འཁྱོངས་བྱས་པ། མཚོ་མགོ་ཤང་མཚོ་མགོ་གྲོང་ཚོས“འབྲོང་མཚོ་ཡུལ་སྐོར་གསར་སྤེལ་ཀུང་སི”བཙུགས་ནས་ཡུལ་མིའི་བེད་མེད་སྡོད་ཁང་བསྡུ་སྒྲིལ་བྱས་ཏེ་བོད་ལྗོངས་མིན་ཧྲན་ཚོགས་པ་དང་མཉམ་ལས་ཀྱིས་མིན་ཧྲན་མཚོ་མགོའི་དམངས་སྲོལ་གནས་ཚང་བསྐྲུན་པར་མཉམ་སྡེབ་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་180བྱུང་ཡོད།

(པ་སངས་ཚེ་རིང་དང་ཚེ་ཁོ་ཡིས་སྒྱུར་ཞུས་བྱས)