《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2025年04月06日

ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱིས།

གློག་སྒུལ་སྦག་སྦག་གི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལ་དག་ཐེར་བཅོས་སྒྲིག་བྱས་པ།

འདི་ག་ཚགས་པར་ཁང་དུ་ཆབ་མདོ་ནས་གློག་འཕྲིན་འབྱོར་གསལ། གློག་སྒུལ་སྦག་སྦག་གི་མེ་ཟོན་བདེ་འཇགས་དོ་དམ་ལ་སྔར་བས་ཤུགས་སྣོན་རྒྱག་ཆེད། ཉེ་ཆར་ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱིས“ཞིབ་བཤེར་བྱེད་ཀྱིན་བཅོས་སྒྲིག་དང་དྲིལ་བསྒྲགས་བྱེད་པའི”ལས་ཀའི་རྣམ་པ་སྤྱད་དེ་ཁོངས་གཏོགས་ཁུལ་དུ་གློག་སྒུལ་སྦག་སྦག་གི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལ་དག་ཐེར་བཅོས་སྒྲིག་དང་དྲིལ་བསྒྲགས་བྱེད་སྒོ་ཕྱོགས་ཡོངས་ནས་སྤེལ་བ་རེད།

བྱེད་སྒོ་སྤེལ་རིང་། ལས་དོན་པས་རང་འགུལ་ངང་དུད་ཚང་དུ་བསྐྱོད་དེ་སྡེ་ཁུལ་གྱི་གྲོང་མི་དང་སྤེལ་རེས་བྱས་པ་རེད། ལས་དོན་པས་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་གྲོང་མིར་གློག་སྒུལ་སྦག་སྦག་བར་ཁྱམས་སུ་འཇོག་པ་དང་དེ་བཞིན་གློག་སྐུད་གང་བྱུང་དུ་འཁྲིད་ནས་གློག་བསགས་ཚེ་ཆག་སྒོ་ཧ་ཅང་ཆེན་པོ་ཐོན་སྲིད་པ་གསལ་འགྲེལ་བརྒྱབ་པ་དང་། མེ་སྐྱོན་ཉེན་ཁའི་གྱོད་དཔེ་དངོས་དང་ཟུང་འབྲེལ་བྱས་ཏེ་མང་ཚོགས་ལ་གློག་སྒུལ་སྦག་སྦག་སྒྲིག་འགལ་ངང་འཇོག་པ་དང་གློག་གསོག་པ་ལས་ཐོན་སྲིད་པའི་མཇུག་འབྲས་ཚབས་ཆེན་དང་གལ་ཏེ་དོན་རྐྱེན་ཐོན་ཚེ་དེ་དང་འབྲེལ་ཡོད་མི་སྣས་འཁུར་དགོས་པའི་བཅའ་ཁྲིམས་ཀྱི་འགན་འཁྲི་དང་སྐྱིན་ཚབ་ཀྱི་འགན་འཁྲི་སོགས་གསལ་འགྲེལ་བརྒྱབ་པ་རེད།

ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱི་འབྲེལ་ཡོད་འགན་འཁུར་བས། གོམ་སྟབས་རྗེས་མར་གློག་སྒུལ་སྦག་སྦག་གི་ཁྲིམས་སྒྱུར་ཞིབ་བཤེར་དང་དྲིལ་བསྒྲགས་ལས་དོན་ལ་རྒྱུན་མཐུད་སྐུལ་འདེད་བཏང་ནས་མང་ཚོགས་ཀྱི་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་དང་རང་ཟོན་རང་སྐྱོབ་ཀྱི་ནུས་པ་ཆེ་རུ་བཏང་སྟེ། ཁོངས་གཏོགས་ཁུལ་གྱི་མེ་སྐྱོན་གྱི་དུས་བབ་རྒྱུན་མཐུད་བརྟན་ལྷིང་ཡོང་བར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ནས་གྲོང་མིའི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱེད་ཀྱི་ཡིན་ཞེས་བཤད་པ་རེད།

(ཚེ་བརྟན་སྒྲོལ་དཀར་གྱིས་བསྒྱུར། ཉི་དོན་གྱིས་ཞུས)