འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ད་ལོ་རང་ལྗོངས་སུ་འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་བྱེད་སྒོ་གྲོང་ཁྱེར(ས་ཁུལ)ཁག་ཏུ་སྤེལ་འགོ་ཚུགས་ཚུན། ཟླ་3ཚེས་15ཉིན་བར་ལྗོངས་ཡོངས་ནས་འཛད་ཟོག་རྙིང་པ་ཁྲི་2.47གསར་པར་བརྗེས་པ་དང་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་1.3ཟིན་ཡོད།
གསར་འགོད་པས་རང་སྐྱོང་ལྗོངས་ཚོང་དོན་ཐིང་ནས་ཤེས་རྟོགས་བྱས་པར། ད་ལོ་རང་ལྗོངས་ཀྱི་འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་བྱེད་སྒོའི་དུས་ཚོད་2025ལོའི་ཟླ་1ཚེས་24ཉིན་ནས་ཟླ་12ཚེས་31ཉིན་བར་ཡིན་པ་རེད། དམངས་ཕན་སྲིད་ཇུས་ལག་བསྟར་གཏིང་ཟབ་བྱེད་པར་སྐུལ་འདེད་གཏོང་ཆེད། རང་ལྗོངས་ཀྱིས་ན་ནིང་གི་སྲིད་ཇུས་ལག་ལེན་བསྟར་བའི་ཕན་ནུས་ཕྱོགས་སྡོམ་བྱས་པའི་རྨང་གཞིའི་ཐོག་རང་སྐྱོང་ལྗོངས་ཚོང་དོན་ཐིང་གིས་སྣེ་ཁྲིད་ནས《2025ལོའི་འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཚོང་དོན་ཐིང་སོགས་སྡེ་ཚན་9ཡི་བརྡ་ཐོ》གཏན་འབེབས་བྱས་པ་རེད། རང་སྐྱོང་ལྗོངས་ཚོང་དོན་ཐིང་འཛད་སྤྱོད་སྐུལ་འདེད་ཁྲུའུ་ཡི་ཁྲུའུ་ཀྲང་ཝུའུ་ཧྲོའུ་ཏེ་ཡིས“ང་ཚོས་ཕྱོགས་མང་པོ་དང་མཐུན་སྦྱོར་སྐུལ་འདེད་བཏང་སྟེ་ཁ་གསབ་མ་དངུལ་དུས་ཐོག་ཏུ་འཛད་སྤྱོད་པར་སྤྲོད་ཐུབ་པའི་འགན་ལེན་ཧུར་ཐག་བྱས་པ་ཡིན”ཞེས་བརྗོད།
གཞན་ཡང་། ད་ལོ་ལྗོངས་ཡོངས་ཀྱི་འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་ཞབས་ཞུའི་ལས་སྟེགས་བཏོད་པ་དེས་དུས་ཐོག་ཏུ་དྲ་ཐོག་ནས་ལྗོངས་ཡོངས་ཀྱི་རྙིང་པ་གསར་པར་བརྗེ་བའི་གྲངས་གཞི་གསར་པར་ལྟ་ཞིབ་ཚད་ལེན་དང་དཔྱད་དཔོག་བྱེད་ཐུབ་ཡོད། དེ་དང་དུས་མཚུངས། ད་དུང་དུས་བཀག་བརྡ་ཁྱབ་ལམ་ལུགས་བཙུགས་ནས་བྱེད་པོའི་འགན་འཁྲི་ནན་དུ་གཏོང་བ་དང་། གྲོང་ཁྱེར(ས་ཁུལ)ཁག་གིས་སྲིད་ཇུས་དོན་འཁྱོལ་ཧུར་ཐག་བྱེད་པར་སྐུལ་འདེད་བཏང་ནས། རྙིང་པ་གསར་པར་བརྗེ་བའི་སྲིད་ཇུས་ཀྱིས་མང་ཚོགས་དེ་བས་མང་བར་ཕན་པ་བཏགས་པ་དང་འཛད་སྤྱོད་ཁྲོམ་ར་རྒྱུན་མཐུད་འཁྲུག་ཏུ་འགྲོ་བར་རམ་འདེགས་བྱས་ཡོད།
(ཉི་དོན་དང་པ་སངས་སྒྲོན་ལགས་ཀྱིས་སྒྱུར་ཞུས་བྱས)