《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年04月05日

ལག་ཤེས་བཟོ་ཁང་དུ་སྲོལ་རྒྱུན་རིག་གནས་ཉམས་ལེན་བྱེད།

ཧང་ཀྲོའུ་ལག་ཤེས་བཟོ་ཁང་ནི་ཧང་ཀྲོའུ་ཀུང་ཁྲེན་ཟམ་པའི་ནུབ་ཀྱི་ལོ་རྒྱུས་རིག་གནས་ཁྲོམ་གཞུང་དུ་གནས་ཤིང་། དེ་ནི་ཧང་ཀྲོའུ་བཟོ་རྩལ་མཛེས་རྩལ་ཁང་གི་ཡན་ལག་ཁང་ཞིག་རེད། གཙོ་བོ་ཤོག་དྲས་དང་སྣུམ་ཤོག་ཉི་གདུགས་སོགས་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་དང་དེང་རབས་ཀྱི་སྒྱུ་རྩལ་ལས་གྲུབ་པའི་བསམ་བཀོད་ལག་ཤེས་ཐོན་རྫས་འགྲེམས་སྟོན་བྱེད་ཀྱི་ཡོད་པས། ལྟ་སྐོར་བ་མང་པོའི་ཡིད་དབང་བཀུག་ཡོད། འདི་ནི་སློབ་ཆུང་སློབ་མས་ཧང་ཀྲོའུ་ལག་ཤེས་བཟོ་ཁང་དུ་ཀོ་བརྙན་ཟློས་གར་གྱི་མི་སྣའི་འཁྲབ་ཆས་ལ་ཉམས་ལེན་བྱེད་བཞིན་པ།