འདི་ག་ཚགས་པར་ཁང་དུ་རྩེད་ཐང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། ཉེ་ཆར། ཀྲུང་གོ་རྒྱལ་སྤྱིའི་མཁའ་འགྲུལ་མ་རྐང་ཚད་ཡོད་ཀུང་སིའི་CA4435དུས་གཏན་གནམ་གྲུ་ལྷུན་རྩེ་གནམ་ཐང་དུ་བདེ་བླག་ངང་འབྱོར་བ་དང་བསྟུན་ནས། ཟླ་གསུམ་པའི་ཟླ་འགོ་བར། གནམ་ཐང་དེས་2025ལོར་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་1000ལྷག་ཙམ་ཟིན་ཏེ་གནམ་གྲུ་ཤར་གཏོང་ཐུབ་རྗེས་ཀྱི་ཟིན་ཐོ་གསར་པ་བཏོད་པ་རེད།
ལྷོ་ཁའི་ལྷུན་རྩེ་གནམ་ཐང་ཡན་ལག་ཀུང་སིའི་འབྲེལ་ཡོད་འགན་འཁུར་བས། གོམ་སྟབས་རྗེས་མར། མཁའ་འགྲུལ་དང་ཡུལ་སྐོར་མཉམ་འདྲེས་བརྒྱུད། ས་གནས་སྲིད་གཞུང་དང་རིག་གནས་དང་ཡུལ་སྐོར་སྡེ་ཚན་ལ་གཞོགས་འདེགས་བྱས་ཏེ། ཁྱད་ལྡན་ཡུལ་སྐོར་ཐོན་རྫས་གཏོད་པ་དང་། མཁའ་འགྲུལ་ལམ་ཐིག་ལེགས་སུ་དང་འཐུས་སྒོ་ཚང་དུ་གཏོང་བ། ཞབས་ཞུ་འགན་ལེན་གྱི་འཇོན་ནུས་ཆེ་རུ་གཏོང་བ། ད་ཡོད་ཀྱི་དུས་གཏན་གནམ་གྲུ་འོས་འཚམ་མང་དུ་གཏོང་བའི་བརྩོན་ལེན་བྱེད་པ། མཁའ་འགྲུལ་ལམ་ཐིག་གསར་པ་སྣོན་པ་སོགས་བྱས་ཏེ། འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་རྒྱུན་མཐུད་མཐོ་རུ་འགྲོ་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བརྗོད་པ་རེད།