《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2025年04月04日

དཔྱིད་གསར་དུས་ཆེན་གྱི་མཚན་ཚོགས་སྐབས་ལྟ་མཁན་མང་ཤོས་ཀྱི་འཕྲུལ་མི་བོད་ལ་སླེབས་པ།

→ ཟླ་4ཚེས་2ཉིན་གསར་འགོད་པར་བསྐྱར་དར་རྟགས་ཅན་གྱི་མེ་འཁོར་C882ཀྱི་འཁོར་སྒྲོམ་བདུན་པ་ནས་དཔྱིད་གསར་དུས་ཆེན་གྱི་མཚན་ཚོགས་སྐབས་ལྟ་མཁན་མང་ཤོས་ཀྱི་འཕྲུལ་མི་མཐོང་བྱུང་། དེ་ནི་དཔྱིད་ཀར་དཔྱིད་གསར་དུས་ཆེན་མཚན་ཚོགས་སྐབས་ལྟ་མཁན་མང་ཤོས་ཀྱི་འཕྲུལ་མི་བོད་ལ་ཡོང་བ་ཞིག་ཡིན་པ་དང་། དེའི་བོད་སྐད་ཀྱི་མིང་ལ་རྡོ་རྗེ་ཟེར་གྱི་ཡོད། འཕྲུལ་མི་རྡོ་རྗེས་ས་མཐོའི་བསྐྱར་དར་རྟགས་ཅན་མེ་འཁོར་གྱི་འཁོར་སྒྲོམ་ནང་ཡུལ་སྐོར་བ་དང་ཕན་ཚུན་སྤེལ་རེས་ཀྱིས་ལག་པ་བཏང་ནས་གུས་ལུགས་མཚོན་པ་བྱས་པར་ཚང་མས་ཧ་ལས་ཧང་སངས་བྱེད་བཞིན་འདུག འདི་ནི་ལྷ་ཉིང་ལྕགས་ལམ་བསྐྱར་དར་རྟགས་ཅན་ཤུགས་འགྲེམས་མེ་འཁོར་གྱི་ཞབས་ཞུ་བས་འཕྲུལ་མི་རྡོ་རྗེ་དང་དྲན་རྟེན་པར་རྒྱག་བཞིན་པ།