ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《རིན་གོང་བཅོས་སྐྱོང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)བཀྲམ་པ་རེད།
བསམ་འཆར་གྱི་སྤྱིའི་བླང་བྱ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོཌ་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བཅས་བྱས་ཏེ། ཐོན་ཁུངས་བཀོད་སྒྲིག་ཁྲོད་ཀྱི་ཁྲོམ་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་གང་ལེགས་འདོན་པ་དང་སྲིད་གཞུང་གི་ནུས་པ་དེ་བས་ལེགས་པ་འདོན་རྒྱུར་དམིགས་ནས། ཁྲོམ་རའི་རིན་གོང་གྲུབ་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། རིན་གོང་གི་ཁྲིད་སྟོན་ལམ་སྲོལ་གསར་གཏོད་བྱེད་པ། རིན་གོང་སྙོམས་སྒྲིག་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཁྲོམ་རའི་རིན་གོང་གྱི་ལྟ་འདོམས་ལམ་སྲོལ་ལེགས་སུ་གཏོང་བ། ཁྲོམ་ར་ནུས་ལྡན་དང་། སྙོམས་སྒྲིག་ཚད་དང་ལྡན་པ། ལྟ་འདོམས་ཚན་རིག་དང་མཐུན་པ་བཅས་ཀྱི་ཆུ་ཚད་མཐོ་བའི་རིན་གོང་བཅོས་སྐྱོང་ལམ་སྲོལ་མགྱོགས་མྱུར་འཛུགས་པ། ཐོན་ཁུངས་བཀོད་སྒྲིག་གི་ལས་ཆོད་ཆེ་རུ་གཏོང་བ། སྤྱི་ཁོག་དཔལ་འབྱོར་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་དགོས་པ་དེ་རེད།
བསམ་འཆར་ནང་བསྟན་དོན། ལས་ཀའི་ཁྲོད་གཤམ་གསལ་གྱི་གནད་དོན་དེ་དག་ཡག་པོ་སྒྲུབ་དགོས་པ་སྟེ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྱུར་བཅོས་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱས་ཏེ།
(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད) ཁྲོམ་རས་གྲུབ་པའི་རིན་གོང་ཚང་མ་ཁྲོམ་རར་སྤྲད་ནས་སྔོན་ཐོན་དང་སྤུས་ལེགས་ཐོན་སྐྱེད་ཀྱི་རྒྱུ་རྐྱེན་གཙོ་བོ་ནུས་ཆེ་དང་བདེ་བླག་ངང་འཁོར་སྐྱོད་བྱེད་པར་སྐུལ་འདེད་བཏང་སྟེ། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་འཛུགས་སྐྲུན་ལ་ཞབས་འདེགས་ནུས་ལྡན་ཞུ་དགོས་པ་དང་། མ་ལག་གི་འདུ་ཤེས་དང་ཕྱོགས་བསྡུས་ཇུས་འདོན་མཐའ་འཁྱོངས་བྱས་ཏེ་རྒྱལ་ནང་རྒྱལ་སྤྱི་ཁྲོམ་ར་གཉིས་ཀྱི་ཐོན་ཁུངས་རིགས་གཉིས་སྤྱི་འདོམས་བྱེད་པ་དང་། གོང་འོག་གི་ལྷུ་ཚིགས་ཁག་ལ་ལྟ་རྟོག་བྱེད་པ། ཁྱབ་ཁོངས་ཁག་གི་སྒྱུར་བཅོས་མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། རིན་གོང་ལུགས་མཐུན་གྲུབ་པ་དང་། ཁེ་ཕན་མཐུན་སྦྱོར་མཉམ་སྤྱོད། དམངས་འཚོ་འགན་སྲུང་ནུས་ལྡན། ལྟ་འདོམས་ནུས་ཆེ་ཁ་གསལ་བཅས་མངོན་འགྱུར་ཡོང་བ་བྱེད་དགོས་པ། གནད་དོན་འཛིན་ཕྱོགས་དང་སྒྱུར་བཅོས་གསར་གཏོད་མཐའ་འཁྱོངས་བྱས་ཏེ་གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ལ་དམིགས་ནས། རིན་གོང་བཅོས་སྐྱོང་གི་དཀའ་གནད་དང་འགག་གནད་ཀྱི་གནད་དོན་ནུས་ལྡན་ངང་བསལ་ཏེ། རིན་གོང་གིས་ཁྲོམ་རའི་མཁོ་སྤྲོད་འབྲེལ་བ་གང་ལེགས་མཚོན་ཐུབ་པ་དང་རིན་གོང་འཕར་ཆག་གི་བབ་བསྟུན་རང་བཞིན་ཆེ་རུ་གཏོང་དགོས། ཁྲིམས་ལྟར་རིན་གོང་བཅོས་སྐྱོང་བྱ་རྒྱུ་མཐའ་འཁྱོངས་ཀྱིས་རིན་གོང་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། རིན་གོང་བཅོས་སྐྱོང་ཚན་རིག་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ། གཉེར་སྐྱོང་བྱེད་པོའི་རིན་གོང་གི་བྱ་སྤྱོད་ཚད་ལྡན་དུ་གཏོང་དགོས་པ་བཅས་རེད།
བསམ་འཆར་ནང་བསྟན་དོན། ཐོན་ཁུངས་ནུས་ཆེའི་བཀོད་སྒྲིག་ལ་སྐུལ་འདེད་གཏོང་བའི་ཁྲོམ་རའི་རིན་གོང་གྲུབ་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། རིན་གོང་ཁྲོམ་ར་ཅན་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། གཙོ་གནད་ཁྱབ་ཁོངས་ཀྱི་ཁྲོམ་ར་མགྱོགས་པོ་སྐྲུན་པ། འགྲན་རྩོད་དང་གོ་རིམ་ལྡན་པའི་ཁྲོམ་རའི་ཁོར་ཡུག་སྐྲུན་པ་བཅས་བྱེད་དགོས།
ཞབས་ཞུའི་གཙོ་གནད་ཁྱབ་ཁོངས་ཀྱི་འཕེལ་རྒྱས་དང་བདེ་འཇགས་ཀྱི་རིན་གོང་ཁྲིད་སྟོན་ལམ་སྲོལ་གསར་གཏོད་བྱེད་པ་དང་། འབྲུ་རིགས་དང་ཞིང་ལས་ཐོན་རྫས་གལ་ཆེན་བརྟན་པོ་དང་བདེ་འཇགས་ངང་མཁོ་སྤྲོད་བྱེད་པར་སྐུལ་འདེད་གཏོང་བའི་ཞིང་ལས་རིན་གོང་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ། ལྗང་མདོག་དང་ཐཱན་ཉུང་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་བའི་ནུས་རྒྱུའི་རིན་གོང་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ། རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྤྱི་སྤྱོད་བྱ་གཞག་གི་རིན་གོང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། དོ་སྙོམས་ཁྱབ་ནུས་ཀྱི་སྤྱི་པའི་ཞབས་ཞུར་སྐུལ་འདེད་གཏོང་བའི་རིན་གོང་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ། གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྤྱི་པའི་གཞི་གྲངས་ཀྱི་རིན་གོང་སྲིད་ཇུས་གསར་གཏོད་བཅས་བྱེད་དགོས།
ཟོག་གོང་ལུགས་མཐུན་གྱི་ཆུ་ཚད་རྒྱུན་འཁྱོངས་ཐུབ་པར་སྐུལ་འདེད་གཏོང་བའི་རིན་གོང་སྙོམས་སྒྲིག་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། རིན་གོང་གི་སྤྱིའི་ཆུ་ཚད་སྙོམས་སྒྲིག་ལ་ཤུགས་སྣོན་རྒྱག་པ། ཚོང་ཟོག་གལ་ཆེན་གྱི་རིན་གོང་བརྟན་པོ་ཡོང་བའི་རྨང་གཞི་སྲ་བརྟན་དུ་གཏོང་བ། ཚོང་ཟོག་གལ་ཆེན་གྱི་རིན་གོང་ནམ་རྒྱུན་དང་མི་འདྲ་བར་འཕར་ཆག་ལ་འཕྲལ་སྡོམ་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས།
ཕྱི་གསལ་ནང་གསལ་དང་སྔོན་དཔག་ཐུབ་པའི་ཁྲོམ་རའི་རིན་གོང་གི་ལྟ་འདོམས་ལམ་སྲོལ་ལེགས་སུ་གཏོང་བ་དང་། ཁྲོམ་རའི་རིན་གོང་གི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ། རིན་གོང་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ། ནུས་ཆེའི་མཐུན་སྦྱོར་མཉམ་བཅོས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།
རིན་གོང་བཅོས་སྐྱོང་གི་རྨང་གཞིའི་ནུས་པ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རིན་གོང་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། མ་གནས་ལ་ལྟ་སྐུལ་ཞིབ་བཤེར་དང་བརྟག་དཔྱད་བྱེད་ཤུགས་ཆེ་རུ་གཏོང་བ། རིན་གོང་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས།
བསམ་འཆར་ནང་བསྟན་དོན། སྒྲིག་འཛུགས་ལག་བསྟར་ལ་ཤུགས་སྣོན་རྒྱག་དགོས་ཤིང་། རིན་གོང་བཅོས་སྐྱོང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བར་ངེས་པར་དུ་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་དང་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་བྱས་ཏེ། ང་གི་འགོ་ཁྲིད་དེ་རིན་གོང་བཅོས་སྐྱོང་ལས་དོན་གྱི་ཁྱབ་ཁོངས་ཁག་དང་བརྒྱུད་རིམ་ཧྲིལ་པོར་ལག་བསྟར་བྱེད་དགོས། ས་གནས་ཁག་དང་སྡེ་ཚན་ཁག་གིས་རིན་གོང་བཅོས་སྐྱོང་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་། དོན་དངོས་དང་ཟུང་འབྲེལ་བྱས་ནས་བསམ་འཆར་འདི་ལག་བསྟར་དོན་འཁྱོལ་བྱེད་པར་དམ་འཛིན་ཡག་པོ་བྱེད་དགོས། ལས་ཀའི་ཁྲོད་ཐོན་པའི་གནས་ཚུལ་གསར་པ་དང་གནད་དོན་གསར་པར་ཞིབ་འཇུག་ནན་ཏན་བྱེད་པ་དང་། བཀོད་སྒྲིག་ཁག་དོན་འཁྱོལ་ལ་བརྟན་ཞིང་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ། སྒྱུར་བཅོས་ཀྱི་གོ་སྐབས་དང་སྒུལ་ཚོད་རན་པོ་ཁོང་དུ་ལུགས་མཐུན་ཆུད་པར་བྱེད་པ། དུས་ཐོག་ཏུ་ཕྱོགས་སྡོམ་དང་དཔྱད་དཔོག་བྱེད་པ་དང་འབྲེལ་ཐ་སྐྱོང་འགན་སྲུང་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བར་ཞིབ་འཇུག་བྱེད་དགོས། སྤྱི་ཚོགས་ཀྱི་དོ་ཁུར་ལ་ལན་ཧུར་ཐག་བཏབ་ནས་རིན་གོང་སྲིད་ཇུས་ལ་གསལ་འགྲེལ་བྱེད་ཤུགས་ཆེ་རུ་གཏོང་དགོས། དོན་དག་གལ་ཆེན་རྣམས་དུས་ཐོག་ཏུ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་གོ་རིམ་ལྟར་སྙན་སེང་ཞུ་དགོས། (ཉི་དོན་དང་པ་སངས་སྒྲོན་ལགས་ཀྱིས་སྒྱུར་ཞུས་བྱས)