《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2025年04月02日

སྲིད་གཞུང་གི་ལས་དོན་སྙན་སྒྲོན་གྱི་སྙིང་བཏུས།

2025ལོའི་སྲིད་གཞུང་ལས་དོན་གྱི་ལས་འགན།

1 འཛད་སྤྱོད་ཆེར་སྐྱེད་ཀྱི་ཆེད་དམིགས་བྱ་སྤྱོད་ལག་བསྟར་བྱེད་དགོས།

འཛད་སྤྱོད་ཀྱི་སྤུས་ཚད་དང་རིམ་པ་མཐོ་རུ་འགྲོ་བར་སྐུལ་འདེད་གཏོང་དགོས།

དུས་ཡུན་ཧ་ཅང་རིང་པོའི་དམིགས་བསལ་རྒྱལ་བུན་སྒོར་དུང་ཕྱུར་3000བཀོད་སྒྲིག་བྱས་ནས་འཛད་རྫས་རྙིང་པ་གསར་པར་བརྗེ་བར་རྒྱབ་སྐྱོར་བྱེད་དགོས།

གྲངས་འཛིན་དང་། ལྗང་མདོག རིག་ནུས་སོགས་འཛད་སྤྱོད་དཔེ་གསར་འཕེལ་རྒྱས་མགྱོགས་སུ་གཏོང་དགོས།

རིག་གནས་དང་། ཡུལ་སྐོར། ལུས་རྩལ་སོགས་ཀྱི་འཛད་སྤྱོད་ཀྱི་གཏིང་ཤུགས་འདོན་སྤེལ་བྱེད་དགོས།

ཁྲལ་བཅག་ཚོང་ཁང་གི་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཁོངས་ནང་འཛུལ་གྱི་འཛད་སྤྱོད་རྒྱ་སྐྱེད་གཏོང་བར་སྐུལ་འདེད་གཏོང་དགོས།

2 ནུས་ལྡན་གྱི་མ་འཇོག་རྒྱ་སྐྱེད་ཧུར་ཐག་གཏོང་དགོས།

ད་ལོ་ཀྲུང་དབྱང་གི་སྔོན་རྩིས་ཁྱབ་ཁོངས་ཀྱི་མ་འཇོག་སྒོར་དུང་ཕྱུར་7350བཀོད་སྒྲིག་བྱེད་རྩིས་ཡོད།

“གནད་གཉིས”འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་དགོས།

ས་གནས་སྲིད་གཞུང་གི་ཆེད་དམིགས་བུན་འཛིན་དོ་དམ་ལམ་སྲོལ་ལེགས་སུ་གཏོང་དགོས།

མ་འཇོག་ལ་ཞིབ་མཆན་འགོད་པའི་བརྒྱུད་རིམ་སྟབས་བདེ་རུ་གཏོང་དགོས།

ཞབས་ཞུའི་ལས་རིགས་ལ་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་དགོས།

དམངས་ཁྲོད་མ་འཇོག་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་དང་བསྔགས་སྐུལ་བྱེད་དགོས།

3 གསར་དར་ཐོན་ལས་དང་འབྱུང་འགྱུར་ཐོན་ལས་སྐྱེད་སྲིང་དང་རྒྱ་སྟོབས་ཆེ་རུ་གཏོང་དགོས།

ཚོང་ལས་མཁའ་སྐྱོད་དང་དམའ་དབྱིངས་དཔལ་འབྱོར་སོགས་གསར་དར་ཐོན་ལས་བདེ་འཇགས་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།

སྐྱེ་དངོས་བཟོ་སྐྲུན་དང་། ཚད་རྡུལ་ཚན་རྩལ། གཟུགས་ལྡན་རིག་ནུས། 6Gསོགས་འབྱུང་འགྱུར་གྱི་ཐོན་ལས་སྐྱེད་སྲིང་བྱེད་དགོས།

ཁེ་ལས་རྭ་གཅིག་མ་དང་གཙོད་མཆོང་ཁེ་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་དགོས།

ཁེ་ལས་སྔར་བས་མང་བ་ཁྱབ་ཁོངས་གསར་པ་དང་འགྲན་ལམ་གསར་པར་འཕེལ་རྒྱས་སྔར་བས་མགྱོགས་པོ་ཡོང་བར་བྱེད་དགོས།

4 སྲོལ་རྒྱུན་ཐོན་ལས་སྒྱུར་བཀོད་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས།

ཐོན་ལས་ཀྱི་རྨང་གཞི་བསྐྱར་སྐྲུན་དང་ལག་རྩལ་སྒྲིག་ཆས་གནད་ཆེན་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་དགོས།

བཟོ་སྐྲུན་ལས་རིགས་ཀྱི་ལག་རྩལ་གནད་ཆེན་སྒྱུར་བཀོད་རིམ་སྤོར་དང་གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་སྒྱུར་གྱི་ལས་གྲྭ་ལག་བསྟར་གཏིང་ཟབ་བྱེད་དགོས།

ལས་རིགས་ལ་རྒྱུས་མངའ་ཡོད་ཅིང་གྲངས་ཀ་ཅན་ལའང་རྒྱུས་མངའ་ཡོད་པའི་ཞབས་ཞུའི་ཚོང་པ་ཁག་ཅིག་སྐྱེད་སྲིང་བྱེད་དགོས།

བཟོ་སྐྲུན་ལས་རིགས་ཀྱི“རིགས་སྣ་མང་དུ་གཏོང་བ་དང་། སྤུས་ཀ་ལེགས་སུ་གཏོང་བ། སྤུས་རྟགས་གསར་དུ་གཏོད་པ”བཅས་ཀྱི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས།

5 གྲངས་འཛིན་དཔལ་འབྱོར་གྱི་གསར་གཏོད་གསོན་ཤུགས་འཕེལ་བར་བྱེད་དགོས།

“མི་ཐབས་རིག་ནུས་+”བྱ་སྤྱོད་ལ་རྒྱུན་མཐུད་སྐུལ་འདེད་གཏོང་དགོས།

དཔེ་དབྱིབས་ཆེན་པོ་ཡོངས་ཁྱབ་ཏུ་བེད་སྤྱོད་པར་རྒྱབ་སྐྱོར་བྱེད་དགོས།

རིག་ནུས་དྲ་སྦྲེལ་ནུས་རྒྱུ་གསར་པའི་རླངས་འཁོར་དང་། མི་ཐབས་རིག་ནུས་ལག་ཁྱེར་ཁ་པར་དང་གློག་ཀླད། རིག་ནུས་འཕྲུལ་མི་སོགས་རབས་གསར་པའི་རིག་ནུས་མཐའ་སྣེ་དང་དེ་བཞིན་རིག་ནུས་བཟོ་སྐྲུན་སྒྲིག་ཆས་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས།

5Gགཞི་ཁྱོན་ཅན་གྱི་བེད་སྤྱོད་བྱེད་རྒྱ་ཆེ་རུ་གཏོང་དགོས།

6 སྤུས་ཚད་མཐོ་བའི་སློབ་གསོའི་མ་ལག་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས།

སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པའི་ལོ་གསུམ་བྱ་སྤྱོད་འཆར་གཞི་གཏན་འབེབས་དང་ལག་བསྟར་བྱེད་དགོས།

རིག་ཚན་བཀོད་སྒྲིག་དང་ལེགས་སྒྲིག་བྱེད་པའི་ལམ་སྲོལ་དང་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་དཔེ་རྣམ་འཐུས་སྒོ་ཚང་དུ་གཏོང་དགོས།

དགེ་རྒན་གྱི་སྤྱོད་ལམ་འཛུགས་སྐྱོང་དང་དགེ་རྒན་གྱི་ཐོབ་ཐང་འགན་སྲུང་ལ་ཤུགས་སྣོན་རྒྱག་དགོས།

སློབ་གསོའི་རྒྱལ་ཁབ་ཆེན་པོ་ནས་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་སུ་མགྱོགས་མྱུར་སྐྱོད་དགོས།

7 ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་ལ་སྐུལ་འདེད་གཏོང་དགོས།

འགག་རྩ་དང་སྲོག་ཤིང་གི་ལག་རྩལ་འགག་སྒྲོལ་དང་མདུན་གྲལ་རང་བཞིན་དང་རྩ་སློག་རང་བཞིན་གྱི་ལག་རྩལ་ཞིབ་འཇུག་གསར་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བ།

ཚན་རྩལ་གྱི་གཏོང་སྒོས་རྨང་གཞིའི་ཞིབ་འཇུག་ལ་གཟིགས་སྐྱོང་བྱེད་པར་སྐུལ་འདེད་གཏོང་དགོས།

དོན་སྤྱིའི་ར་སྤྲོད་དང་དུས་དཀྱིལ་ཀྱི་ཚོད་ལྟའི་ར་སྤྲོད། ལས་རིགས་ཐུན་མོང་རང་བཞིན་གྱི་ལག་རྩལ་བཅས་ཀྱི་ལས་སྟེགས་གང་མགྱོགས་སྐྲུན་དགོས།

8 ཤེས་ལྡན་པའི་དཔུང་ཁག་གི་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས།

གསར་གཏོད་ཀྱི་ཤེས་ལྡན་པ་རྩེར་སོན་དང་། གཙོ་གནད་ཁྱབ་ཁོངས་སུ་དགོས་མཁོ་ཆེ་ཞིང་ཁ་ཐང་བ་དང་རྩལ་ནུས་ཆེ་བ་བཅས་ཀྱི་ཤེས་ལྡན་པ་གསོ་སྐྱོང་བྱེད་པར་ཤུགས་སྣོན་རྒྱག་དགོས།

བཟོ་བོའི་སྙིང་སྟོབས་དར་སྤེལ་བཏང་ནས་ཐོན་ལས་ལག་རྩལ་གྱི་བཟོ་པའི་དཔུང་ཁག་རྩེ་གྲ་འཛུགས་སྐྱོང་བྱེད་དགོས།

རྒྱལ་ཁོངས་གཞན་གྱི་ཤེས་ལྡན་པའི་ཞབས་འདེགས་ལེགས་སུ་གཏོང་དགོས།

ཤེས་ལྡན་པའི་རིགས་དབྱེའི་གདེང་འཇོག་སྒྱུར་བཅོས་དང་ཚན་སློབ་རིགས་ཁོངས་ཀྱི“ཞྭ་མོ”བཅོས་སྐྱོང་ཟབ་སྤེལ་བྱེད་དགོས།

9 གཉེར་སྐྱོང་བྱེད་པོ་སྣ་ཚོགས་ཀྱི་གསོན་ཤུགས་འཕེལ་བར་བྱེད་དགོས།

གཞུང་ཁོངས་ཁེ་ལས་སྒྱུར་བཅོས་དང་ཟབ་སྤེལ། མཐོར་འདེགས་བཅས་ཀྱི་བྱ་སྤྱོད་སྤུས་ཚད་མཐོ་བའི་སྒོ་ནས་ལེགས་སྒྲུབ་བྱེད་དགོས།

དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་དོན་འཁྱོལ་ཏན་ཏིག་བྱེད་དགོས།

སྒེར་གཉེར་བཟོ་ཚོང་ཐེམ་དུད་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་དགོས།

ཁེ་ལས་དང་འབྲེལ་བའི་ཁྲིམས་བསྟར་ཚད་ལྡན་དུ་གཏོང་བའི་ཆེད་དམིགས་བྱ་སྤྱོད་སྤེལ་དགོས།

སེམས་རྩ་འཁོལ་བའི་ཞབས་འདེགས་ལ་བརྟེན་ནས་ཁེ་ལས་ཀྱི་ཡིད་ཆེས་འཕེལ་བར་བྱེད་དགོས།

10 རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་དགོས།

རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་འཛུགས་སྐྲུན་ལ་ཁྲིད་སྟོན་བྱ་རྒྱུ་ལག་བསྟར་བྱེད་དགོས།

ཁྲོམ་རར་ཞུགས་འཐུས་ཀྱི་བཀག་རྒྱའི་གསལ་ཐོའི་པར་གཞི་གསར་པ་བཟོ་བཅོས་བརྒྱབ་ནས་འདོན་དགོས།

གཙོ་གནད་ཁྱབ་ཁོངས་ཀྱི་འགྲན་རྩོད་དྲང་སྙོམས་སྒྲིག་མཐུན་ཡོང་བར་ཁྲིད་སྟོན་གཏན་འབེབས་བྱེད་དགོས།

གཅིག་གྱུར་གྱི་ཡིད་རྟོན་ཉམས་གསོའི་ལམ་ལུགས་འཛུགས་དགོས།

སྤྱི་ཚོགས་ཡོངས་ཀྱི་ཟོག་འགྲེམས་མ་གནས་དམའ་རུ་གཏོང་བའི་ཆེད་དམིགས་བྱ་སྤྱོད་ལག་བསྟར་བྱེད་དགོས།