《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2025年04月02日

རང་སྐྱོང་ལྗོངས་གཞི་རིམ་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་སྣེ་ཁྲིད་ཀྱི་མཐུན་སྦྱོར་ལམ་སྲོལ་ཚང་འཛོམས་ཚོགས་འདུ་ཐེངས་དང་པོ་འཚོགས་པ།

(པར་ངོས་དང་པོར་མཐུད)

ལིའུ་ཅང་གིས་བླང་བྱ་བཏོན་དོན། གཞི་རིམ་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་ནུས་པ་དང་དམག་འཐབ་མཁར་རྫོང་གི་ནུས་པ་བཏོན་ཏེ། ཁྲོམ་གཞུང་ལས་དོན་ཨུ་ལྷན་ཆེན་པོ་དང་། སྡེ་ཁུལ་གྱི་ཏང་ཨུད་ཆེན་པོ། དྲ་མིག་གི་ཏང་ཀྲི་པུའུ། ཁུལ་ཆུང་གི་སྟར་པའི་ཏང་ཚོགས་ཆུང་། ཏང་ཡོན་གྱི་ལྟེ་བའི་དུད་ཚང་བཅས་རིམ་ལྔའི་རྩ་འཛུགས་འཁོར་འབྲེལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། “གཅིག་འདོམས་གཅིག་དང་མཉམ་འབྲེལ་དྲུག”གི་ལམ་སྲོལ་དོན་འཁྱོལ་གཏིང་ཟབ་བྱེད་པ། ལས་ཐོག་ཏང་ཡོན་སྡེ་ཁུལ་དུ་འབྱོར་ཐོ་འགོད་པའི་ལས་ཀ་རྒྱུན་ལྡན་ཅན་དུ་སྤེལ་བ་བཅས་བྱས་ནས་མི་ཚང་མ་ཞུགས་པ་དང་། མི་ཚང་མས་འགན་འཁུར་བ། མི་ཚང་མས་ལེགས་སྐྱེས་འབུལ་བ། མི་ཚང་མས་མཉམ་སྤྱོད་བཅས་བྱེད་པའི་སྤྱི་ཚོགས་བཅོས་སྐྱོང་ལས་དོན་གྱི་རྣམ་པ་གསར་པ་ཆགས་པར་བྱེད་དགོས། མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་གོང་བུ་གཅིག་སྒྲིལ་གྱི་ལས་དོན་ཏན་ཏིག་སྒྲུབ་པ་དང་། མི་དམངས་ཀྱི་གྲོས་འགོ་བསྡུ་ལེན་ལས་དོན་ལ་ཤུགས་སྣོན་རྒྱག་པ། ལས་ཞུགས་ཚོགས་སྤྱི་གསར་པའི་ཞབས་ཞུ་དོ་དམ་ལ་ཤུགས་སྣོན་རྒྱག་པ། ཡིག་འབུལ་ཞུ་བཅར་ལས་དོན་ཁྲིམས་སྐྱོང་ཅན་ལ་སྐུལ་འདེད་གཏོང་བ། སྡེ་ཁུལ་གྱི་སྤྱི་པའི་ཞབས་ཞུའི་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། རང་སྐྱོང་ཁྲིམས་སྐྱོང་ཀུན་སྐྱོང་བཅས་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས། གཞི་རིམ་ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་བྱེད་པའི་གཞི་རིམ་མང་ཚོགས་ཀྱི་རང་སྐྱོང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། གཞི་རིམ་གྱི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། གྲོང་སྲོལ་དམངས་ཆིངས་ཚད་ལྡན་དུ་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་གསོན་ཤུགས་ལྡན་པ་དང་འཆམ་མཐུན་སྒྲིག་ལམ་ལྡན་པའི་འགན་ལེན་བྱེད་དགོས། གཞི་རིམ་བཅོས་སྐྱོང་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་གྲོང་ཚོ(གྲོང་ལྷན)ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་པ་དང་། སྡེ་ཁུལ་ལས་དོན་པའི་དཔུང་ཁག དྲ་མིག་པ་དང་དུད་སྦྲེལ་ཐེམ་དཔོན་དཔུང་ཁག་བཅས་ལེགས་འདེམས་ཧྲག་སྒྲིག་བྱས་ཏེ་དང་བླངས་པའི་དཔུང་ཁག་གསོ་སྐྱོང་ཧུར་ཐག་བྱེད་དགོས།

ལིའུ་ཅང་གིས་བླང་བྱ་བཏོན་དོན། མཐུན་སྦྱོར་ལམ་སྲོལ་ཐད་ལས་ཀའི་སྤྱི་འདོམས་ལ་ཤུགས་སྣོན་བརྒྱབ་ནས་འཁྲི་འགན་རང་འཁུར་དང་རང་འགན་གཙང་སྒྲུབ་བྱས་ཏེ། འགན་འཁྲི་དང་ལས་དོན་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས། ཐོན་ཁུངས་སྟོབས་ཤུགས་བསྡུ་སྒྲིལ་བྱས་ནས་རྨང་གཞིའི་འགོག་ཟོན་དང་འབྱུང་རྩ་ནས་དོ་དམ་ཚོད་འཛིན་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་སྡེ་ཁུལ་བཅོས་སྐྱོང་གི་སྤྱི་ཡོངས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། རྣམ་པ་ཟབ་མོ་བཏོད་ནས་སྡེ་ཁུལ་བཅོས་སྐྱོང་ནང་ཞུགས་པའི་རྒྱ་ཆེའི་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་སྐོང་འཐེན་གང་ལེགས་བྱས་ཏེ། ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་བསུ་བ་ཞུ་དགོས།

(ཚེ་ཁོས་བསྒྱུར། བདེ་དབང་དང་ཚེ་ཁོས་ཞུས)