ཉེ་ཆར། ལྷ་ས་གྲོང་ཁྱེར་མི་སྤྱི་ཅུས་ཀྱིས་གཙོ་གཉེར་བྱས་པ་དང་། བོད་ལྗོངས་སློབ་ཆེན་དང་བོད་ལྗོངས་མི་རིགས་སློབ་ཆེན་གྱིས་གཉེར་བའི་2025ལོའི་རྒྱལ་ཡོངས་ཀྱི་གྲོང་ཁྱེར་གྱིས་མཉམ་དུ་མཐོ་སློབ་སློབ་མའི་ལས་བསྡུའི་དཔྱིད་དུས་ཆེད་དོན་བྱེད་སྒོ་བོད་ལྗོངས་སློབ་ཆེན་རྔ་ཆེན་སློབ་ཁུལ་དུ་སྤེལ་བ་རེད། ལས་མི་བསྡུ་བའི་ནང་དྲུང་ཡིག་དང་། དངུལ་གཉེར། རྩིས་པ། སྨན་པ། མགྲོན་ཁང་ཞབས་ཞུ་བ་སོགས་ལས་གནས་1650མཁོ་འདོན་བྱས་ཡོད་པས་སློབ་ཐོན་སློབ་མ་མི་ཉུང་བ་ཞིག་གི་ཡིད་དབང་བཀུག་ཡོད་པ་རེད།