《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2025年03月28日

༄༅། །“3·28”ལ་ཕུལ་བའི་སྙན་ངག་གི་མཆོད་པ།

གངས་བུ།

འདི་ནས་ཡར་བརྩིས་མི་ལོ་རེ་དྲུག་གི་དེ་རིང་། །

མི་ཚེ་བྲན་གཡོག་རྒྱུག་པའི་ཞིང་བྲན་གྱི་ཕོ་མོའི། །

ཡིད་ཀྱི་བུ་གར་བསམ་མྱོང་དྲན་མྱོང་རང་མེད་པའི། །

བཅིངས་འགྲོ

ལ་ཞེས་པའི་གཏམ་སྙན་ལྷང་ལྷང་དུ་གྲགས་སོང་། །

རང་ལུས་རང་དབང་མེད་པའི་ཞིང་བྲན་གྱི་ཕོ་མོར། །

རྨི་ལམ་མིན་ནམ་སྙམ་པའི་གཏམ་སྙན་དེ་ཐོས་དུས། །

རྨ་བྱར་འབྲུག་སྒྲ་ཐོས་འདྲའི་དགའ་ཚོར་དང་ལྷན་དུ། །

བཅིངས་འགྲོལ་དམག་མིར་བསྟོད་པའི་མེ་ཏོག་དེ་གཏོར་སོང་། །

ཏང་གི་འོད་ཟེ

ར་གངས་ལྗོངས་ས་མཐོ་རུ་འཕྲོས་ཤིང་། །

བྲན་གཡོག་ཅེས་པའི་ཐ་སྙད་ལོ་རྒྱུས་སུ་གྱུར་དུས། །

ཞིང་བྲན་ཕོ་མོའི་གདོང་ལ་འཛུམ་མདངས་ཀྱིས་ཁེངས་ནས། །

རང་ཁྱིམ་རང་བ

དག་བྱུང་བའི་དགའ་སྣང་གིས་མྱོས་འདུག །

ཨེ་མ་དེ་

འདྲའི་ཐབས་མཁས་ཐུགས་རྗེ་ལ་བསམས་ན། །

ཏང་གི་སྐུ་དྲིན་མཁའ་ཡི་ཉི་གཞོན་དང་འདྲ་བྱུང་། །

ཉི་མར་འཆ

ར་ནུབ་ཡོད་པ་ཆོས་ཉིད་དུ་གྲུབ་ཀྱང་། །

ཏང་གི་སྐུ་དྲིན་ནམ་ཡང་ནུབ་པ་རང་མི་འདུག །

ཕལ་ཆེར་

ཡིག་རྨོངས་ཡིན་པའི་ལུང་ཁུག་གི་ནང་དུ། །

བ་གམ་ཅན་གྱི་ཁང་བཟང་གྲལ་སྟར་དུ་བསྐྲུན་ཞིང་། །

འགན་ལེན་གསུམ་གྱི་སྲིད་

བཟང་ཉིན་བྱེད་ཀྱི་འོག་ཏུ། །

ཤེས་བྱའི་གན

ས་ལ་བརྩོན་པའི་སློབ་མ་རྣམས་སྐྱིད་པ། །

རྟ་ཡིས་ཕྱིན་ན་ཉིན་ལམ་བཅོ་བརྒྱད་ཀྱི་ས་ཆར། །

སྣུམ་ནག་གཞུང་ལམ་བསྐྲུན་པས་ཆུ་ཚོད་འགར་འབྱོར་གྱིས། །

ལུང་ཁུག་དང་ནི་གྲོང་ཁྱེར་ཕན་ཚུན་ལ་སྦྲེལ་དུས། །

ངལ་དུབ་དྲི་མ་བྲལ་བ

འི་འགྲུལ་པ་རྣམས་སྐྱིད་པ། །

རྦ་རླབས་ལང་ལོང་འཁྲུག་པའི་ཆུ་ཆེན་གྱི་སྟེང་དུ། །

ལྕགས་སྐུད་འགྲམ་སྐྱོར་བྱས་པའི་ཤིང་ཟམ་དག་སྐྱོ་བ། །

ཟམ་མིག་དགུ་དང་ལྡན་པའི་ཟམ་ཆེན་དག་བསྐྲུན་རྗེས། །

དངངས་སྐྲག་བྲལ་བའི་ཕར་འགྲོ་ཚུར་འོང་དེ་སྐྱིད་པ། །

སྨག་རུམ་སྟུག་པོ་འཐིབས་པའི་མུན་ནག་གི་ནང་དུ། །

གསལ་མ་ནོག་གི་མར་མེའི་འོད་མདངས་དེ་སྐྱོ་བ། །

ཆུ་ཆེན་ཤུགས་ལ་བརྟེན་པའི་ཆུ་གློག་གི་འོད་ལས། །

དཀར་ཆ་དོད་པའི་

ཁང་ཁྱིམ་གྲུ་བཞི་དེ་སྐྱིད་པ། །

གུང་ཁྲན་ཏང་གི་མཛད་ཕྱོགས་བཟང་པོ་ཡི་མཐུ་ཡིས། །

བོད་ལྗོངས་གསར་པའི་འཕེལ་རྒྱས་དབྱར་མཚོ་ལ་འགྲན་དུས། །

གུང་ཁྲན་ཏང་གི་སྐུ་དྲིན་རྒྱ་མཚོ་ལས་ཟབ་པས། །

སྐུ་དྲིན་སེམས་ལ་དྲན་ནས་ཡིག་འབྲུ་འགའ་བྲིས་ཡོད། །

གསུམ་པའི་ཉེར་བརྒྱད་ཅེས་པའི་བཀྲ་ཤིས་ཀྱི་ཉིན་བཟང་། །

མ་བརྗེད་རང་སེམས་ངོས་སུ་གསལ་པོ་རུ་བཀོད་ནས། །

གླུ་དང་བྲོ་ཡི་སྟོན་མོས་མཆོད་པ་ཞིག་འབུལ་ཞོར། །

མེས་རྒྱལ་དར་བའི་སྨོན་འདུན་སྙིང

་དབུས་ནས་བཏབ་ཡོད། །