སློབ་དུས་གསར་པ་འགོ་ཚུགས་ཚུན། རང་ལྗོངས་ཀྱི་ས་གནས་ཁག་གི་སློབ་གྲྭ་ཁག་གིས“སློབ་འགོ་ཚུགས་པའི་ཁྲིམས་སྐྱོང་སློབ་ཚན་དང་པོའི”བྱེད་སྒོ་ཧུར་ཐག་སྤེལ་ནས། གཞོན་ནུ་ལོ་ཆུང་གི་ཁྲིམས་སྐྱོང་འདུ་ཤེས་ཟབ་ཏུ་བཏང་སྟེ། ཁྲིམས་སྐྱོང་ལ་བརྟེན་ནས་གཞོན་ནུ་ལོ་ཆུང་བདེ་ཐང་ངང་འཚར་ལོངས་ཡོང་བར་བྱས་ཡོད། ད་ཐེངས་ཀྱི་བྱེད་སྒོར་ཁྲིམས་སྐྱོང་དྲིལ་བསྒྲགས་དང་། དྲ་ཐོག་ནས་ཁྲིམས་སྐྱོང་སློབ་ཚན་ཐད་གཏོང་བྱེད་པ། འགྲིམ་འགྲུལ་བདེ་འཇགས་དྲིལ་བསྒྲགས་སོགས་བྱས་ཡོད་ལ། བྱེད་ཐབས་སྣ་མང་དང་། ནང་དོན་ཕུན་སུམ་ཚོགས་པ། དམིགས་སའི་རང་བཞིན་ཆེ་བ་བཅས་ཡོད་པས། དགེ་སློབ་ཚོའི་དགའ་བསུ་ཆེན་པོ་ཐོབ་ཡོད།