《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年03月25日

དམངས་གཉེར་དཔལ་འབྱོར་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བ།

ཉེ་བའི་ལོ་ཤས་རིང་། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་འགྲོ་མགྱོགས་ཤོས་ཀྱི་ཅང་སུའུ་ཡིས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཀྱི་དགེ་མཚན་བཏོན་ཏེ། སྲིད་ཇུས་ཀྱི་རོགས་སྐྱོར་དང་། ཚན་རྩལ་གསར་གཏོད་ཀྱི་ཞབས་ཞུ། མ་དངུལ་མཉམ་འདྲེས་ཀྱི་ལས་སྟེགས་གཏོད་པ་སོགས་ལ་བརྟེན་ནས་ཁེ་ལས་ཀྱི་གསོན་ཤུགས་རྒྱུན་མཐུད་འཕེལ་བར་བྱས་ཤིང་། འདི་ནི་བཟོ་པས་ཅང་སུའུ་ཞིང་ཆེན་ཤིང་ཧྭ་གྲོང་ཁྱེར་ཏའེ་ནན་གྲོང་རྡལ་གྱི་ཅང་སུའུ་དབྱིན་ཤིས་དྲོད་ཚད་མཐོ་བའི་ཐིག་ཐག་ཚད་ཡོད་ཀུང་སིའི་ཐོན་སྐྱེད་འཁོར་ཁང་དུ་ལས་ཀ་བྱེད་བཞིན་པ།