《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年03月20日

2025ལོའི་དབྱི་ཨུའི་རྒྱལ་སྤྱིའི་རྒྱུན་མཁོའི་བརྒྱ་ཟོག་གསར་གཏོད་དངོས་མང་སྟོན་ཚོགས་འགོ་ཚུགས་པ།

ཟླ་3ཚེས་14ཉིན། ཀྲེ་ཅང་ཞིང་ཆེན་ཅིན་ཧྭ་གྲོང་ཁྱེར་གྱི་དུས་ཡུན་ཉིན་གསུམ་གྱི་2025ལོའི་ཀྲུང་གོའི་དབྱི་ཨུའི་རྒྱལ་སྤྱིའི་རྒྱུན་མཁོའི་བརྒྱ་ཟོག་གསར་གཏོད་དངོས་མང་སྟོན་ཚོགས་དབྱི་ཨུའི་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་ལྟེ་གནས་སུ་འགོ་ཚུགས་པར། རྒྱལ་ཁབ་ཕྱི་ནང་གི་ཚོང་པ་འཚང་ཁ་ཤིག་ཤིག་ངང་ངོ་འཕྲད་གྲོས་མོལ་དང་ཉོ་སྒྲུབ་བྱེད་པར་སླེབས་ཡོད།

འདི་ནི་ཟླ་3ཚེས་14ཉིན་ཀྲེ་ཅང་ཞིང་ཆེན་ཅིན་ཧྭ་གྲོང་ཁྱེར་དབྱི་ཨུ་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་ལྟེ་གནས་སུ་སི་རི་ཡའི་ཕྱི་རྒྱལ་གྱི་ཚོང་པས་2025ལོའི་ཀྲུང་གོའི་དབྱི་ཨུའི་རྒྱལ་སྤྱིའི་བརྒྱ་ཟོག་གསར་གཏོད་དངོས་མང་སྟོན་ཚོགས་ཐོག་སྐྲ་ཤད་ཀྱི་ལས་སྒོའི་སྐོར་ངོ་འཕྲད་གྲོས་མོལ་བྱེད་བཞིན་པ།