བོད་ཀྱི་ལོ་གསར་འཆར་ཉེའི་སྐབས་སུ། རང་ལྗོངས་ཀྱི་ས་གནས་ཁག་གི་ཁྲོམ་གཞུང་ཆེ་ཆུང་ཁག་ལོ་གསར་གྱི་ཁྲོམ་གཞུང་དུ་འགྱུར་ཏེ། ཐང་ཆེན་དང་སྲང་ལམ་སོགས་སུ་འཆར་འགོད་གཅིག་གྱུར་དང་མཛེས་རྒྱན་སྤྲས་པའི་གནས་སྐབས་ཁྲོམ་བཀྱག་བཙུགས་ནས། ཤ་སྒོང་འོ་མ་དང་། ཤིང་འབྲས་སྐམ་པོ། བྱི་རིལ། ཤིང་ཏོག ཁ་ཟས། ཕྱེ་མར། ལོ་གསར་མེ་ཏོག ལོ་ཕུད་སོགས་ཚོང་ཟོག་སྣ་ཚོགས་བཏོན་ཏེ་ལོ་གསར་གྱི་རྣམ་པ་ཟབ་ལ་གྲོང་མི་མང་ཚོགས་ཀྱི་ཡིད་དབང་བཀུག་ཡོད།