《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年02月27日

ས་མཐོའི་གཞུང་ལམ་ཐོག་གི“སྐལ་བཟང་མེ་ཏོག”

—— ཆུ་གསུམ་གཞུང་ལམ་བདག་སྐྱོང་དུམ་བུའི“བུད་མེད་ལམ་སྐྱོང་ཚོགས་ཆུང”གི་སྐོར་བཀོད་པ།

སྤྱི་ལེ་40ལྷག་ཙམ་ཡོད་པའི་པུ་ཐང་ལའི་ཀྱག་ཀྱོག་གི་རི་ལམ་ནི་བུད་མེད་12ལས་གྲུབ་པའི“ལམ་སྐྱོང་ཚོགས་ཆུང”གི་གཡུལ་ས་གཙོ་བོ་ཞིག་རེད། དེར་འགྲོ་ལམ་རྙོག་འཛིང་ཆེ་བ་དང་གནམ་གཤིས་ཞན་པོ་ཡོད་སྟབས། ཆུ་སྐྱོན་དང་། གངས་སྐྱོན། འདམ་རྫབ། ཆུ་རུད། རི་ཉིལ་བ་སོགས་རང་བྱུང་གི་གནོད་འཚེ་ཡང་སེ་ཐོན་ནས་གཞུང་ལམ་བདེ་འཇགས་ཤར་བགྲོད་ལ་ཉེན་ཁ་བཟོ་གི་ཡོད། འོན་ཀྱང་། “བུད་མེད་ལམ་སྐྱོང་བའི”“མོ་རྒོད”ཚོས་ཕྱིར་བཤོལ་གཏན་ནས་རྒྱག་མྱོང་མེད།

ལྷོ་ཁ་གྲོང་ཁྱེར་དུ་ལོ་བརྒྱར་འཕྲད་མྱོང་མེད་པའི་ཁ་བ་བུ་ཡུག་ཆེན་པོ་ཞིག་འཚུབ་སྟེ། པུ་ཐང་ལའི་རི་ལམ་གངས་ཀྱིས་བསྣུབས་ནས་ཆ་སྙོམས་གངས་གསོག་ཐེབས་ཚད་ལི་སྨི་80ཟིན་ཏེ། རླངས་འཁོར་འགག་པ་དང་གྲང་རླུང་འུར་འུར་ལྡང་ནས་འགྲོ་ལམ་ཤར་གཏོང་གི་ལས་ཀར་དཀའ་ངལ་ཆེན་པོ་བཟོས་ཡོད། ལམ་སྐྱོང་ཚོགས་ཆུང་གི་རུ་དཔོན་ཉི་མས་བུད་མེད་ལས་བཟོ་ཚོའི་སྣེ་ཁྲིད་དེ། ཆུ་ཚོད་24བསྟུད་མར་གངས་འཁྱགས་གཙང་ཕྱག་བྱས་ཤིང་། ཉི་མས། “ཚང་མས་མུ་མཐུད་ཤུགས་རྒྱོབ་ཅིག ཉེན་ཁར་གྱར་བའི་མི་མང་པོ་ང་ཚོས་སྐྱོབ་རྒྱུར་བསྒུགས་ཡོད”ཅེས་བརྗོད་ནས། ཚང་མའི་ངར་ཤུགས་འཕེལ་ཐབས་བྱས། བུད་མེད་ལས་བཟོ་ཚོས་ལྕགས་ཁྱེམ་དང་ཕྱགས་མ་བཟུང་ནས་ནུས་ཤུགས་ཡོད་རྒུས་གངས་འཕྱག་པ་དང་། གྲང་རླུང་གིས་ངོ་གདོང་འཁྱགས་ནས་དམར་སྨུག་ཏུ་གྱུར་པ་མ་ཟད་ལག་པའང་འཁྱགས་སྦོས་ཐེབས་ཀྱང་། ལས་ཀ་མུ་མཐུད་བྱས་སྟབས། མཐར་ཉེན་ཁར་གྱར་བའི་རླངས་འཁོར་དང་མི་བདེ་བླག་ངང་སྐྱོབ་ཐུབ་ཡོད། ཁོང་ཚོས་བསྐྱབས་པའི་མི་རྣམས་ཀྱིས་དྲིན་ཚོར་ཆེན་པོས། “བུད་མེད་ལམ་སྐྱོང་ཚོགས་ཆུང”གི“མོ་རྒོད” ཚོ་ཡོད་ཚེ་པུ་ཐང་ལར་ཇི་ལྟར་འགྲོ་དཀའ་ནའང་སྐྲག་གི་མི་འདུག་ཅེས་བརྗོད། ནམ་རྒྱུན་གཞུང་ལམ་དེར་ཉེན་ཁ་ཧ་ཅང་ཆེན་པོ་ཡོད་པ་དང་། རྒྱུན་དུ་རླངས་འཁོར་ལ་སྐྱོན་ཤོར་བའམ་ལས་འཛོལ་སྣ་ཚོགས་ཐོན་གྱི་ཡོད་ཀྱང་། “མོ་རྒོད”ཚོས་རྟག་ཏུ་ལམ་སེང་རོགས་སྐྱོབ་བྱེད་པར་ཡོང་གི་ཡོད།

“བུད་མེད་ལམ་སྐྱོང་ཚོགས་ཆུང”གི་ལས་བཟོ་བ་མང་ཆེ་བ་ནི“གཞུང་ལམ་བདག་སྐྱོང་བའི་མི་རབས་གཉིས་པ”དང་ཐ་ན“གཞུང་ལམ་བདག་སྐྱོང་བའི་མི་རབས་གསུམ་པ”ཤ་སྟག་རེད། ཁོང་ཚོས་ཕ་མེས་ཀྱི་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དང“ལམ་གཉིས”ཀྱི་སྙིང་སྟོབས་ཐོག་མཐའ་བར་གསུམ་དུ་རྒྱུན་འཛིན་བྱས་ཡོད། གཞུང་ལམ་བདག་སྐྱོང་ལས་དོན་སྒྲུབ་རིང་། ཁོང་ཚོས་རང་ཉིད་ལ་ཞིབ་ལྟ་དང་ཕན་ཚུན་སློབ་སྦྱོང་རྒྱུན་ཆད་མེད་པར་བྱས་ཏེ། ཧུར་བརྩོན་ཆེན་པོས་ལས་ཀར་ཞུགས་བཞིན་ཡོད། རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་སྤྲད་པའི“བཟོ་པ་གདོང་ལེན་པ”དང་རྒྱལ་ཡོངས་ཀྱི་སྐབས་བདུན་པའི“ཀྲུང་གོའི་ལམ་སྐྱོང་མ་ཡག་ཤོས”སོགས་ཀྱི་བྱ་དགའ་ཁག་20ལྷག་ཙམ་གྱི་གཟི་བརྗིད་མཚན་སྙན་གྱི་མདུན་དུ། ཁོང་ཚོས་ང་རྒྱལ་དང་ཁེངས་དྲེགས་མེད་པར་གཟི་བརྗིད་མཚན་སྙན་དེ་དག་ལས་ཀའི་སྒུལ་ཤུགས་སུ་བསྒྱུར་ཡོད།

ཁོང་ཚོ་ཡི་གར་འོང་ལ་བློ་རྩ་བརྟན་པ་དང་། ཉམ་ཆུང་ཡང་དཔའ་ངར་ཆེན་པོ་ལྡན་པས། “བུད་མེད་ལམ་སྐྱོང་ཚོགས་ཆུང”གི་བུད་མེད་རྣམས་ནི་སྐལ་བཟང་མེ་ཏོག་བཞིན་གཞུང་ལམ་བདག་སྐྱོང་གི་འཐབ་ས་དང་པོར་ལང་ཚོའི་བཀྲག་མདངས་ངོམ་བཞིན་ཡོད།

(ཚེ་དབང་ལྷ་མོས་བསྒྱུར། པ་སངས་ཚེ་རིང་གིས་ཞུས)