《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年02月27日

ཆུ་ཤུར་རྫོང་ཆུ་ཕུ་གྲོང་ཚོས།

རྨང་གཞིའི་སྒྲིག་བཀོད་ལེགས་སུ་བཏང་ནས་མཛེས་མཐུན་གྲོང་གསེབ་ཀྱི་རྒྱང་ལམ་གསར་པར་སྐྱོད་འགོ་ཚུགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། 2024

ལོར་ཆུ་ཤུར་རྫོང་གིས་མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ། རྫོང་ཡོངས་ཀྱི་ཁྱབ་ཁོངས་སུ་འབྲེལ་ཡོད་རྣམ་གྲངས་མང་པོ་ལག་ལེན་བསྟར་བར་མ་དངུལ་བསྡོམས་འབོར་སྒོར་ཁྲི་8032.53ཟིན་ཡོད། དེའི་ནང་ཆུ་ཤུར་རྫོང་ཆུ་ཤུར་གྲོང་རྡལ་ཆུ་ཕུ་གྲོང་ཚོ་མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན་གྱི་བཀྲག་མདངས་འཚེར་ས་ཞིག་ཏུ་གྱུར་ཡོད།

2024ལོར་ཆུ་ཤུར་རྫོང་གིས་མ་དངུལ་སྒོར་ཁྲི་3993.61སྤྱི་འདོམས་གྱིས་ཆུ་ཕུ་གྲོང་ཚོར་ཕྱོགས་ཡོངས་ནས་སྒྱུར་བཀོད་བྱས་པ་དེའི་ནང་འགྲོ་ལམ་མཁྲེགས་འགྱུར་དང་། མཛེས་བཟོ། སྔོ་འགྱུར་བཅས་དང་། དེ་བཞིན་ས་འོག་སྦུག་དྲ་སོགས་རྨང་གཞིའི་སྒྲིག་བཀོད་རིམ་སྤོར་གྱི་ལས་དོན་ཚུད་ཡོད་པ་རེད། ད་ཆ་ཆུ་ཕུ་གྲོང་ཚོའི་འགྲོ་ལམ་རྒྱ་ཆེ་ཞིང་ཁོད་སྙོམས་པ་དང་། ལམ་སྒྲོན་གྲལ་འགྲིག་པ། སྤྱི་པའི་སྒྲིག་བཀོད་ཆ་ཚང་བ་མ་ཟད། གྲོང་ཚོའི་རྣམ་པ་གསར་རྐྱང་དུ་གྱུར་པ་དང་། ཡུལ་མིའི་འཚོ་བའི་ཁོར་ཡུག་ཧ་ཅང་ལེགས་སུ་ཕྱིན་ཡོད།

ཐོན་ལས་དར་རྒྱས་གཏོང་བ་ནི་མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན་གྱི་འདེགས་སྐྱོར་གལ་ཆེན་ཞིག་རེད། ཆུ་ཕུ་གྲོང་ཚོས་རང་ངོས་ཀྱི་ལེགས་ཆ་གང་ལེགས་བཏོན་ཏེ་ནས་ནག་ལས་སྣོན་ཐོན་ལས་དང་ཚགས་ཤ་ལས་སྣོན་ཐོན་ལས་འཕེལ་རྒྱས་བཏང་ཡོད། ས་རྒྱུ་གཤིན་པོ་དང་གནམ་གཤིས་ཀྱི་ཆ་རྐྱེན་བཟང་པོ་ཡོད་པར་བརྟེན། ནས་ནག་གི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་འགྲོ་ཚུལ་བཟང་བ་དང་དེའི་འཚོ་བཅུད་ཀྱི་རིན་ཐང་ལ་ཁས་ལེན་རྒྱ་ཁྱབ་ཐོབ་ཀྱི་ཡོད་པ་རེད། ཚགས་ཤ་ལས་སྣོན་བཟོ་གྲྭ་བཙུགས་པ་དེས་ཚགས་ཤའི་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་སྔར་བས་ཆེ་རུ་ཕྱིན་པ་དང་ཁྱད་ལྡན་ཞིང་ལས་ཐོན་རྫས་དེ་བས་ཆེ་བའི་ཁྲོམ་རར་འདོན་པར་རམ་འདེགས་བྱས་ཡོད་པ་རེད།

ཆུ་ཕུ་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བཀྲ་ཤིས་ཉི་གྲུབ་ཀྱིས། གྲོང་ཚོའི“ཨུ་ལྷན་གཉིས”ཚན་ཁག་གི་ཁོངས་མིས་མཉམ་དུ་ཐོན་ལས་ལ་ཞིབ་འཇུག་དང་ཐོན་ལས་འཕེལ་རྒྱས་གཏོང་བཞིན་ཡོད། ད་ཆ་ནས་ནག་དང་ཚགས་ཤ་ལས་སྣོན་གྱི་ཐོན་ལས་གཉིས་ཀྱི་ལོའི་ཡོང་འབབ་སྒོར་ཁྲི་40ཡས་མས་ཟིན་པ་དེ་དག་གཙོ་བོ་སློབ་གསོར་སྐུལ་ལྕག་དང་དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་སྐྱོར་བྱེད་པ་སོགས་ལ་སྤྱོད་ཀྱི་ཡོད་ཅེས་བརྗོད།