《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年02月27日

བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གིས་རིག་གནས་བྱེད་སྒོ་སྤེལ་རྒྱུ་ཡིན་པ།

དཔེ་དེབ་ཀྱི་དྲི་བསུང་འཐུལ་བཞིན་ལོ་གསར་གྱི་རྣམ་པ་ཉམས་སུ་མྱོང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཟླ་2ཚེས་25ཉིན། གསར་འགོད་པར་བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་ནས་ཤེས་རྟོགས་བྱུང་བར། ཁང་དེས་ཟླ་2ཚེས་28ཉིན(བོད་ཀྱི་ལོ་གསར་ཚེས་གཅིག)ལྟད་མོ་ཆེ་བའི་རིག་གནས་བྱེད་སྒོ་ཞིག་སྤེལ་ནས་དཔེ་དེབ་ཀྱི་དྲི་བསུང་འཐུལ་བཞིན་དུ་རྒྱ་ཆེའི་ཀློག་པ་པོ་དང་མཉམ་དུ་ལོ་གསར་གཏོང་རྒྱུ་རེད། བྱེད་སྒོ་དེ་ཉིན་དེའི་སྔ་དྲོའི་ཆུ་ཚོད་10པར་བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་དུ་སྤེལ་རྒྱུ་རེད།

བྱེད་སྒོ་སྤེལ་ཡུལ་དུ་དཔེ་མཛོད་ཁང་གིས་དཔེ་དེབ་སྤུས་དག་120འབུལ་རྒྱུ་ཡིན་པའི་ནང་རྒྱ་ཡིག་དང་བོད་ཡིག་དེབ་ཡོད་ཅིང་། དཔེ་དེབ་དེ་དག་གི་ནང་དོན་ཕུན་སུམ་ཚོགས་པ་དང་ཁྱབ་རྒྱ་ཧ་ཅང་ཆེན་པོ་ཡོད་ལ་གྲགས་ཅན་རྩོམ་རིག་གྱི་བརྩམས་ཆོས་ཡོད་པ་མ་ཟད། དེང་དུས་ཀྱི་ཚན་རིག་ཁྱབ་གདལ་ཀློག་དེབ་ཀྱང་ཡོད་ཁར་བོད་ཀྱི་ལོ་རྒྱུས་རིག་གནས་མཚོན་པའི་བརྩམས་ཆོས་ཕུལ་བྱུང་དེ་བས་ཡོད་པ་རེད། བོད་ཀྱི་ལོ་གསར་ཚེས་གཅིག་ཉིན་ཁང་དེར་སླེབས་མཁན་སྔ་ཤོས་ཀྱི་ཀློག་པ་པོ་120ལ་བྱེད་སྒོ་དེའི་ཨང་རིམ་ལ་གཞིཌ་ནས་དེབ་མ་རྫོགས་བར་འབུལ་རྒྱུ་ཡིན་པས་སུ་སྔོན་ལ་སླེབས་ཚེ་དེར་སྔོན་ལ་རག་རྒྱུ་རེད།

(བསོད་བདེ་ཆེ་བས་བསྒྱུར། པད་ཆོས་ཀྱིས་ཞུས)