《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年02月26日

ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་ལྡེམ་མོ་ཤང་རབ་རྩེ་གྲོང་ཚོས།

“སོར་རྩེའི་ལག་ཤེས”དེ“སོར་རྩེའི་དཔལ་འབྱོར”ལ་འགྱུར་བར་བྱས་པ།

འདི་ནི་མཉམ་ལས་ཁང་གི་འཁལ་འཐག་འཁོར་ཁང་གི་ཟུར་ཞིག་ཡིན་པ།

འདི་ནི་མཉམ་ལས་ཁང་གི་བུད་མེད་ཚོས་བཏགས་ཟིན་པའི་བོད་བཟོའི་ལག་ཤེས་ཐོན་རྫས་སྟོན་བཞིན་པ།

འདི་ནི་མཉམ་ལས་ཁང་གི་བུད་མེད་ཀྱིས་ལག་ཤེས་ཐོན་རྫས་འཐག་བཞིན་པ།

དགུན་དུས་སུ་གསར་འགོད་པ་ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་ལྡེམ་མོ་ཤང་རབ་རྩེ་གྲོང་ཚོའི་ཕྱི་ཁུངས་བུད་མེད་མི་རིགས་ལག་ཤེས་རྒྱུན་འཛིན་ལས་སྣོན་མཉམ་ལས་ཁང་དུ་སྐྱོད་སྐབས། ཐགས་འཐག་པའི་སྒྲས་ཁེངས་པ་དང་ལས་བྲེལ་ཆེ་བའི་རྣམ་པ་ཞིག་མིག་ལམ་དུ་མངོན།

དེར་འཁལ་འཐག་གི་རྩལ་ནུས་གསོ་སྦྱོང་བྱེད་བཞིན་ཡོད་པ་དང་། བུད་མེད་ཚོས་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་རྒྱུ་སྤུན་འཁེལ་བཞིན་དུ་བོད་བཟོའི་དངུལ་ཁུག་དང་ཁ་གདན་སོགས་ལག་ཤེས་ཐོན་རྫས་སྣ་ཚོགས་འཐག་བཞིན་ཡོད།

ཉེ་བའི་ལོ་ཤས་རིང་། ལྡེམ་མོ་ཤང་རབ་རྩེ་གྲོང་ཚོས་དགུན་དལ་གྱི་དུས་ཚོད་སྤྱད་དེ་སྲོལ་རྒྱུན་ལག་ཤེས་འཁལ་འཐག་གི་གསོ་སྦྱོང་འཛིན་གྲྭ་བཙུགས་ཏེ། ལག་ཤེས་ངལ་རྩོལ་པའི་གསར་གཏོད་བྱེད་ནུས་འདོན་སྤེལ་ཏན་ཏིག་བྱས་ནས་རྒྱ་ཆེའི་གྲོང་གསེབ་བུད་མེད་ཚོ་དེའི་ནང་ཧུར་ཐག་ཞུགས་སུ་བཅུག་སྟེ། ལག་ཤེས་བཟོ་རྩལ་རིག་གནས་ཀྱི་བརྒྱུད་སྤེལ་མཁན་དང་དར་སྤེལ་མཁན་བྱ་རྒྱུར་ཁྲིད་སྟོན་དང་ལྕག་སྐུལ་བཏང་བ་མ་ཟད། ཚང་མར་ཁ་ཡོད་ལག་ཡོད་ཀྱི་ཕན་པ་ཐོབ་པར་བྱས་ཡོད།

དེ་གར“སོར་རྩེའི་ལག་ཤེས”དེ“སོར་རྩེའི་དཔལ་འབྱོར”ལ་བསྒྱུར་ནས་བུད་མེད་ཚོས་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ཀྱི་མཛེས་སྡུག་ལྡན་པའི་རྣམ་པ་ཞིག་བཏོད་ཡོད།