《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年02月26日

ཉིང་ཁྲི་གྲོང་ཁྱེར་གྱི་མྱུར་སྐྱེལ་ལས་རིགས་ཀྱི་ཞབས་ཞུའི་ཆུ་ཚད་རྒྱུན་མཐུད་མཐོ་རུ་ཕྱིན་པ།

འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་གློག་འཕྲིན་འབྱོར་གསལ། 2024ལོར། ཉིང་ཁྲི་གྲོང་ཁྱེར་གྱི་མྱུར་སྐྱེལ་ལས་རིགས་ཀྱི་ཞབས་ཞུའི་ཆུ་ཚད་རྒྱུན་མཐུད་མཐོ་རུ་ཕྱིན་པ་དང་། མྱུར་སྐྱེལ་དྲ་རྒྱ་རྒྱུན་ཆད་མེད་པར་སྣུར་སྲིང་ཐུབ་པ། གྲོང་གསེབ་དར་རྒྱས་ཀྱི་གྲུབ་འབྲས་མངོན་གསལ་དོད་དུ་འགྲོ་བར་རམ་འདེགས་ཐུབ་པ་བཅས་བྱུང་ནས། ཉིང་ཁྲིའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དང་སྒྱུར་བཅོས་སྒོ་དབྱེ་སྔོན་སྤེལ་ལ་སྐུལ་སྤེལ་གཏོང་ཆེད་ལས་རིགས་ཀྱི་སྟོབས་ཤུགས་ལེགས་སྐྱེས་ཕུལ་ཡོད་པ་རེད།

ཉིང་ཁྲི་གྲོང་ཁྱེར་གྱི་མྱུར་སྐྱེལ་ཞབས་ཞུའི་དྲ་ཚུགས་རྒྱུན་ཆད་མེད་པར་གྲོང་གསེབ་དང་ཐག་རིང་ལུང་ཁུག་ཁུལ་དུ་སྣུར་སྲིང་བྱས་ཏེ། “སྦྲག་སྲིད་དང་མྱུར་སྐྱེལ་མཉམ་ལས”དང“འགྲིམ་འགྲུལ་དང་སྦྲག་སྲིད་མཉམ་འདྲེས”ཤུགས་རྒྱག་སར་བརྩིས་ནས། སྦྲག་སྲིད་ཀྱིས་དམངས་གཉེར་མྱུར་སྐྱེལ་དངོས་པོ་ཁག་ཁྲི་50.6ལྷག་ཙམ་སྐྱེལ་སྤྲོད་བྱེད་རོགས་བྱས་ཡོད།

ཉིང་ཁྲི་གྲོང་ཁྱེར་གྱིས་རིག་ནུས་མྱུར་སྐྱེལ་བསྐུར་མ་འཇོག་སྒམ་ཁུལ་ཆུང་དུ་འཛུགས་རྒྱུ་ཁྱབ་གདལ་ཤུགས་ཆེན་བཏང་ནས། གྲོང་ཁུལ་གྱི་རིག་ནུས་མྱུར་སྐྱེལ་སྒམ་ཆ་ཚང་42དང་བླུག་སྣོད་5872སྒྲིག་སྦྱོར་བྱས་པ་དག་གྲོང་ཁུལ་གྱི་དུད་ཚང་6730ཡི་མི་ཁྲི་2.1ལ་ཁྱབ་ཡོད།

མེ་ཏོག་རྫོང་གི“མཛེས་པའི་མཐའ་གྲོང་། སྦས་ལུང་མེ་ཏོག”གི་མཁའ་དབྱིངས་བོད་ལྗོངས་ཀྱི་བརྗོད་དོན་གཙོ་བའི་སྦྲག་ཁང་གིས། 2024ལོར་རིམ་རྩིས་བརྒྱབ་ན་ཡུལ་སྐོར་བ་མི་ཐེངས་ཁྲི་4ལ་སྣེ་ལེན་ཞུས་པར་ཕྱིར་འཚོང་དངུལ་འབོར་སྒོར་ཁྲི་124.91ཟིན་ཡོད། ཉིང་ཁྲིའི“སྤྲིན་ཐོག་ཁམ་བུའི་ལྡུམ་ར། གྲོང་གསེབ་དར་རྒྱས”ཀྱི་བརྗོད་དོན་གཙོ་བོའི་སྦྲག་ཁང་གིས། རིམ་རྩིས་བརྒྱབ་ན་ཡུལ་སྐོར་བ་མི་ཐེངས་ཁྲི་8ལ་སྣེ་ལེན་ཞུས་པར་ཕྱིར་འཚོང་དངུལ་འབོར་སྒོར་ཁྲི་385ཟིན་ཡོད། 2024ལོར། ཉིང་ཁྲི་གྲོང་ཁྱེར་སྦྲག་སྲིད་མྱུར་སྐྱེལ་ཁེ་ལས་ཀྱིས་དབྱར་རྩྭ་དགུན་འབུ་དང་། རླམ་རྩྭ་ཕོ་སུལ། བོད་ཀྱི་ར་མོ་ཤག་ཆེན་སོགས་ས་གནས་དེ་གའི་ཞིང་འབྲོག་ཐོན་རྫས་སོས་པ་ཏུན་430ལྷག་ཙམ་ལེན་སྐུར་བྱས་པར། ཕྱིར་འཚོར་དངུལ་འབོར་སྒོར་དུང་ཕྱུར་5.7ཟིན་ཡོད་པ་རེད།

(ཕུར་སྒྲོན་གྱིས་བསྒྱུར། པ་ཚེས་ཞུས)