འདི་ག་ཚགས་པར་ཁང་དུ་ཁྲེང་ཏུའུ་ནས་གློག་འཕྲིན་འབྱོར་གསལ། བོད་ལྗོངས་ལ་སྤྱི་ལེ་4000ལྷག་ཙམ་གྱི་རྒྱལ་མཚམས་ས་ཐིག་ཡོད་པ་དེ་ནི་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་བཅད་དང་སྐྱེ་ཁམས་ཀྱི་བདེ་འཇགས་སྲུང་བཅད་གལ་ཆེན་ཞིག་རེད། མཐའ་མཚམས་ས་ཁུལ་གྱི་ངོ་མཚར་ཆེ་བའི་ཡུལ་ལྗོངས་དང་མི་ཆོས་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཀྱིས་ཀྱང་སྒྱུ་རྩལ་གསར་རྩོམ་ལ་ཐོལ་རིག་ཚད་མེད་མཁོ་འདོན་བྱེད་ཀྱི་ཡོད། ཉེ་ཆར“ཐོལ་ཤེས་ཀྱི་མཐའ་མཚམས། བོད་ལྗོངས་གྲོ་མོ་རིག་གནས་མཐའ་མཚམས་སྟོབས་ཆེན་སྒྱུ་རྩལ་དམངས་ཕྱུག་འགྲེམས་སྟོན”ཁྲེང་ཏུའུ་བོད་ལྗོངས་གསོལ་མགྲོན་ཁང་གི་ཇ་ལག་དཔེ་ཁང་དུ་འགོ་ཚུགས་ནས་ལྟད་མོ་བ་འབོར་ཆེན་གྱི་ཡིད་དབང་བཀུག་ཡོད་ཅིང་། འགྲེམས་སྟོན་མཚམས་སྦྱོར་དུ་བྱས་ནས་རིག་གནས་ཀྱི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བར་སྐུལ་འདེད་བཏང་སྟེ། རྒྱ་བོད་རིག་གནས་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་ལ་བཀྲག་མདངས་བསྣན་ཡོད།