2024ལོ་ནས་བཟུང་། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གྲྭ་བཞི་ཁྲོམ་གཞུང་གིས་ཁྲེང་ཀོན་ཆུས་ཨུད་དང་ཆུས་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། “འཐབ་ཇུས་ཆེན་པོ་བཞི”དང“ཁུལ་ལྔ་འཛུགས་སྐྲུན”གྱི་དམིགས་ཚད་ལ་དམ་པོར་དམིགས་པ་དང“ཏང་འཛུགས་སྐྱོང་ལ་དམ་འཛིན་དང་། བཅོས་སྐྱོང་ལ་དམ་འཛིན། ཞབས་ཞུར་དམ་འཛིན་བཅས་ཀྱི་གཙོ་རྐང་གསུམ་ལ་དམིགས་ནས། ལས་ཀའི་བྱེད་ཐབས་རྒྱུན་ཆད་མེད་པར་གསར་གཏོད་དང་། ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་བས། ལས་དོན་ཁག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས་ཁྲེང་ཀོན་ཆུས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་ཆེད་སྟོབས་ཤུགས་སྐྱེས་སུ་ཕུལ་ཡོད།
ཏང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པ་དང་རྨང་གཞི་སྲ་བརྟན་དུ་བཏང་སྟེ་གཞི་རིམ་འཕེལ་རྒྱས་ཀྱི་ལེའུ་གསར་པ་བརྩམས་པ།
ཆབ་སྲིད་ཀྱི་སྣེ་ཁྲིད་ཐད་གྲྭ་བཞི་ཁྲོམ་གཞུང་གིས་ཏང་གི་ཆབ་སྲིད་འཛུགས་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་དང་། ཁྲོམ་གཞུང་ཚན་པའི་ཁོངས་མིས་སྣེ་ཁྲིད་སློབ་སྦྱོང་བྱས་ཏེ“གྲོས་གཞི་དང་པོའི”ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་ལྷ་ས་གྲོང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཁག་གཞི་རིམ་དུ་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་འགན་ལེན་བྱས་ཡོད། 2024ལོ་ནས་བཟུང་། གྲྭ་བཞི་ཁྲོམ་གཞུང་ཏང་གི་ལས་དོན་ཨུ་ལྷན་གྱིས་སློབ་སྦྱོང་ཐེངས་23སྒྲིག་འཛུགས་བྱས་པ་དང་། རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་སློབ་སྦྱོང་ཐེངས་13བྱས་པ། ལས་ཁུངས་ཀྲི་པུའུ་ཡིས་སློབ་སྦྱོང་ཐེངས་41བྱས་པས་གཞི་རིམ་ཏང་རྩ་འཛུགས་ཀྱི་གོང་བུར་སྒྲིལ་ཤུགས་དང་འཐབ་འཛིང་ནུས་པ་སྔར་བས་ཆེ་རུ་ཕྱིན་ཡོད།
རྩ་འཛུགས་འཛུགས་སྐྱོང་ཐད་གྲྭ་བཞི་ཁྲོམ་གཞུང་གིས“ལས་དོན་ཨུ་ལྷན་ཆེན་པོ”དང“ཏང་ཨུད་ཆེན་པོའི”སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་གནད་དོན་དང་། དཀའ་གནད། འགག་གནད་བཅས་ཁག་7ཐག་གཅོད་བྱས་པ་དང་། ཉི་དྲོད་གླིང་སྡེ་ཁུལ་གྱི“རྒན་རྒོན་གྱི་སློབ་ཆེན། སྡེ་ཁུལ་གྱི་སློབ་ཚན”དང་གྲྭ་བཞི་ཁུལ་ཆུང་གྱི“སྡེ་ཁུལ་གློག་སྡོང”སོགས་རྣམ་གྲངས་ལ་གདེང་འཇོག་ཡག་པོ་ཐོབ་ཡོད། མིག་སྔར་དྲ་མིག་108མང་དུ་བཏང་བས་བསྡོམས་དྲ་མིག་133ཟིན་པ། དྲ་མིག་ཏང་ཀྲི་པུའུ་27བསྐྲུན་པས་ཏང་གི་རྩ་འཛུགས་དང་ལས་དོན་ཡོངས་སུ་ཁྱབ་ཐུབ་པ་བྱུང་ཡོད།
དཔུང་ཁག་འཛུགས་སྐྱོང་ཐད་གྲྭ་བཞི་ཁྲོམ་གཞུང་གིས“འཇོན་ཐང་ཅན་གྱི་སྤྱི་ཚོགས་ལས་བཟོ”དང་སྤྱི་ཚོགས་ལས་བཟོའི་དཔུང་ཁག་གསོ་སྐྱོང་བྱ་རྒྱུར་མཐོང་ཆེན་བྱས་ཏེ་ལྗོངས་ཕྱིའི་གསོ་སྦྱོང་དང་། ལེགས་འདེམས་གསོ་སྦྱོང་། གཅིག་སྡུད་གསོ་སྦྱོང་། ལས་གནས་རེས་འཁོར་སློབ་སྦྱོང་། དྲ་མིག་པའི་འགྲན་བསྡུར་ཆེན་མོ་སོགས་ཀྱི་བྱ་ཐབས་བརྒྱུད་ཁོང་ཚོའི་ཕྱོགས་བསྡུས་བྱང་ཚད་མཐོ་རུ་བཏང་ཡོད། མིག་སྔར་གྲྭ་བཞི་ཁྲོམ་གཞུང་གིས“འཇོན་ཐང་ཅན་གྱི་སྤྱི་ཚོགས་ལས་མི”48དང་སྤྱི་ཚོགས་ལས་མི75གསོ་སྐྱོང་བྱས་པ་དང་། དྲ་མིག་པ་69དང་དུད་འབྲེལ་འཐུས་མི་56གསར་དུ་བསྣན་པས། ད་ལྟའི་དུད་འབྲེལ་འཐུས་མི་བསྡོམས་888ཟིན་གྱི་ཡོད།
བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་རྨང་གཞི་བརྟན་དུ་བཏང་ནས་གཞི་རིམ་བཅོས་སྐྱོང་རིམ་སྤོར་ལ་སྐུལ་འདེད་བཏང་བ།
བཅོས་སྐྱོང་ཐད་གྲྭ་བཞི་ཁྲོམ་གཞུང་གིས་གནད་དོན་གྱི་ཕྱོགས་སྟོན་དང་འབྲས་བུ་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ལས་ཀའི་ཇུས་གཞི་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ནས་ཚན་རིག་རང་བཞིན་དང་དམིགས་སའི་རང་བཞིན་ཆེ་རུ་བཏང་ཡོད། ཁྲོམ་གཞུང་གིས“དོ་དམ་གསུམ་དང་ངེས་པར་དུ་གསུམ”གྱི་རྩ་དོན་གཞིར་བཟུང་། གནས་ཁག་གི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་བྱས་པར་མི་སྣ་མི་ཐེངས་2000ལྷག་ཙམ་དང་རླངས་འཁོར་ཐེངས་300ལྷག་ཙམ་བཏང་བ་དང་། གནས་ཁག་4100ལྷག་ཙམ་ལ་ཞིབ་བཤེར་བྱས་པས་མངོན་མེད་རྐྱེན་ངན་ཁག་849ཤེས་རྟོགས་དང་བཅོས་སྒྲིག་བྱས་ཡོད།
བྱ་ཐབས་རབ་དང་རིམ་པ་སྤྱད་པ་བརྒྱུད་གྲྭ་བཞི་ཁྲོམ་གཞུང་དང་དེ་བཞིན་སྡེ་ཁུལ་ལྔ་ལ་བོད་རང་སྐྱོང་ལྗོངས་སྐྱེ་ཁམས་ཤེས་དཔལ་དཔེ་སྟོན་གྱི་མཚན་སྙན་ཐོབ་ཡོད།
ཞབས་འདེགས་ཧུར་ཐག་ཞུ་བ་དང་དམངས་ཀྱི་སེམས་ཁྲལ་སེལ་ནས་དམངས་ཀྱི་བདེ་རྩ་ཆེ་རུ་བཏང་བ།
གྲྭ་བཞི་ཁྲོམ་གཞུང་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་བསམ་བློ་མཐའ་འཁྱོངས་བྱས་ཏེ་ཞབས་ཞུ་བྱེད་སྟངས་དང་བྱེད་ཐབས་རྒྱུན་ཆད་མེད་པར་གསར་གཏོད་བྱས་ནས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་ཆེ་རུ་ཏན་ཏིག་བཏང་ཡོད།
སློབ་གསོའི་ཐད་གྲྭ་བཞི་ཁྲོམ་གཞུང་གིས་སློབ་གྲྭ་འབྲིང་ཆུང་གི་སློབ་གྲྭར་ཞུགས་ཚད་100%འགན་ལེན་བྱས་པ་དང་། དཀའ་ངལ་ཡོད་པའི་སློབ་མའི་འགྲོ་ལུགས་58ཞིབ་བཤེར་བྱས་པ། དར་མའི་མཐོ་རྒྱུགས་ལ་ཞིབ་བཤེར་ཁག་2བྱས་པ། དཀའ་ངལ་ཡོད་པའི་བྱིས་པ་82ལ་འཚམས་འདྲི་བྱས་ཡོད། ལས་ཞུགས་ཐད་གྲྭ་བཞི་ཁྲོམ་གཞུང་གིས་ལས་ཞུགས་ལས་སྟེགས་ཧུར་ཐག་བཙུགས་ནས་མཐོ་སློབ་སློབ་ཐོན་སློབ་མ་136ལས་ཞུགས་ཡོང་བར་རོགས་རམ་བྱས་ཏེ་འགུལ་རྣམ་ལས་ཞུགས་བྱེད་ཚད་100%རྒྱུན་འཁྱོངས་བྱས་ཡོད། རྒན་གསོའི་ཐད་གྲྭ་བཞི་ཁྲོམ་གཞུང་གིས་རྒན་གསོའི་སྲིད་ཇུས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་དྲིལ་བསྒྲགས་དཔྱད་གཞི་ཆིག་སྟོང་ལྷག་ཙམ་སྤྲད་ནས་མི་646འགན་བཅོལ་ནང་ཞུགས་རྒྱུར་སྐུལ་འདེད་བཏང་ཡོད། སྨན་བཅོས་ཐད་ཁྲོམ་གཞུང་གིས་བདེ་ཐང་དྲིལ་བསྒྲགས་ལག་དེབ་200ལྷག་ཙམ་སྤྲད་པ་དང་། ཐ་མག་ཚོད་འཛིན་མི་སྣ་2བཀོད་སྒྲིག་བྱས་པ། སྨན་བཅོས་འགན་བཅོལ་ནང་ཞུགས་ཚད་97%ཟིན་གྱི་ཡོད་པ་རེད།
དམིགས་བསལ་ཚོགས་སྤྱིའི་ཞབས་ཞུའི་ཐད་གྲྭ་བཞི་ཁྲོམ་གཞུང་གིས་དམིགས་བསལ་རོགས་སྐྱོར་བྱ་མི་དང་། དབང་པོ་སྐྱོན་ཅན། མ་མཐའི་འཚོ་བའི་འགན་ལེན་ཞུ་མཁན། ལོ་ན་མཐོ་བའི་བགྲེས་སོང་། དམིགས་བསལ་དཀའ་ངལ་ཡོད་པའི་མི་སོགས་ཀྱི་ཚོགས་སྤྱིར་གཙོ་གནད་ཐོག་དོ་ཁུར་བྱས་ནས་ཁོང་ཚོར་གནད་ལ་འཁེལ་བའི་རོགས་སྐྱོར་དང་རོགས་སྐྱོབ་བྱས་པ་རེད། 2024ལོ་ནས་བཟུང་། གྲྭ་བཞི་ཁྲོམ་གཞུང་གིས་རོགས་སྐྱོབ་དངུལ་སྒོར་15000སྤྲད་ཅིང་། དཔལ་འབྱོར་ཡོངས་ཁྱབ་ཞིབ་བཤེར་ཐད་གྲྭ་བཞི་ཁྲོམ་གཞུང་གིས་བྱ་ཐབས་སྣ་ཚོགས་བརྒྱུད་ཡོངས་ཁྱབ་ཞིབ་བཤེར་གྱི་ཡང་དག་རང་བཞིན་ཆེ་རུ་བཏང་ནས་གྲངས་གཞི་བདེན་པ་དང་བློས་འགེལ་ཆོག་པའི་འགན་ལེན་བྱས་ཡོད། མིག་སྔར། གྲྭ་བཞི་ཁྲོམ་གཞུང་དུ་ཚན་པ་2120ཞུགས་པ་དང་ཐོ་འགོད་གོང་ཞུ་བྱེད་ཚད་100%ཟིན་གྱི་ཡོད།