མུ་ལ་མུ་ཁྱུད་ཀྱི་རི་ལར་ཁ་བས་བཀླུབས་ཤིང་། ལ་གཤམ་དུ་གནས་པའི་བོད་ལྗོངས་ལྷུན་རྩེ་རྫོང་ཡུལ་སྨད་ཤང་དུ་གངས་རླུང་ལྡང་བཞིན་མཆིས། ཡུལ་སྨད་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་ངག་དབང་ཕུན་ཚོགས་དང་ཝང་ལེས་ལཱ་རིང་དང་ལག་ཤུབས་གྱོན་ཏེ་གཞུང་ལས་ཁང་གི་སྒྲོག་ཙེའི་ཐོག་བཞག་པའི་གཞུང་ཡིག་ཁུག་མ་ནག་པོ་དེ་ཁྱེར་ནས་དུད་ཚང་དུ་འདྲི་རྟོག་བྱེད་པར་བསྐྱོད།
ཝང་ལེས“ང་གཉིས་སོ་སོར་ཁུག་མ་རེ་ཡོད་པ་དང་དེའི་ནང་དམངས་དོན་དང་འབྲེལ་བའི་ས་བཀྲ་དང་། ཡིག་ཚགས། ཟིན་དེབ་བཅས་ཡོད”ཅེས་བཤད་པ་དང་། ཁོང་གིས་ད་ཐེངས་ཀྱི་ལས་འགན་གཙོ་བོ་ནི་མང་ཚོགས་ལ་མངགས་གཏོང་ཁང་གི་དྲ་ཐོག་ཞབས་ཞུའི་ཕྱོགས་བསྡུས་ལས་སྟེགས་ཀྱི་སྐད་འཕྲིན་བྱ་རིམ་ཆུང་ངུ་ཁྱབ་གདལ་གཏོང་རྒྱུ་ཡིན་པ་དང་། དེའི་ནང་སྣུམ་གྱི་ཞིབ་མཆན་འགོད་པ་དང་ཐེམ་ཐོ་སྔོན་མངགས་སྒྲུབ་གཉེར་སོགས་ཚུད་ཡོད། མང་ཚོགས་ཀྱིས་དྲ་ཐོག་ནས་ཐོ་འགོད་བྱེད་ཆོག་པ་དང་། མི་དམངས་ཉེན་རྟོག་པས་འཕྲལ་དུ་རྗེས་སྙེག་ཞབས་ཞུ་དང་སྒོ་རྩར་བསྐྱོད་ནས་ལས་གཉེར་བྱེད་ཐུབ་ཅེས་བཤད།
མངགས་གཏོང་ཁང་དུ་ཡོད་པའི་དམངས་དོན་ཟིན་དེབ་ཁ་ཕྱེ་བས་ན་དེའི་ནང་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་བྱ་བ་མང་པོ་བཀོད་ཡོད་པ་སྟེ། 2024ལོའི་ཟླ་12ཚེས་24ཉིན་གྱི་ཆུ་ཚོད་10པ་ཙམ་ལ་དྲ་མིག་མི་དམངས་ཉེན་རྟོག་པས་དུད་ཚང་དུ་འདྲི་རྟོག་བྱེད་སྐབས་གླ་ཆ་འགྱངས་ཆད་ཀྱི་གནས་ཚུལ་ཞིག་ཤེས་རྟོགས་བྱུང་བ་དང་། 2025ལོའི་ཟླ་1ཚེས་14ཉིན་གྲོང་མི་བསོད་ནམས་རབ་བརྟན་མངགས་གཏོང་ཁང་དུ་ཡོང་ནས་དཔྱིད་གསར་དུས་ཆེན་བཏང་རྗེས་རང་ཁྱིམ་གྱི་ཁང་པ་གཉིས་གཞན་ལ་བོགས་མར་གཏོང་འདོད་ཀྱང་གན་རྒྱ་འབྲི་མི་ཤེས་པས་མི་དམངས་ཉེན་རྟོག་པར་རོགས་རམ་བྱེད་རོགས་ཞུས་པ་སོགས་ཀྱིས་ཁེངས།
“མང་ཚོགས་ཀྱི་བྱ་བ་ཡིན་ཕྱིན་ང་ཚོས་སེམས་ནུས་ཡོད་རྒུས་སྒྲུབ་ཀྱི་ཡོད”ཅེས་ཡུལ་སྨད་མཐའ་མཚམས་མངགས་གཏོང་ཁང་གི་སློབ་སྟོན་པ་ཡོན་ཧའོ་ཅེས་ངོ་སྤྲོད་བྱས་པ་དང་ཁོང་གིས། ཁོངས་གཏོགས་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་མངགས་གཏོང་ཁང་གིས“ཡུག་ཁུལ་དབྱེ་བ་དང་། ཁུལ་མཉམ་འབྲེལ། དོན་དག་ལ་དམ་འཛིན”བཅས་ཀྱི་བཅོས་སྐྱོང་ལམ་ལུགས་བཙུགས་ཏེ་མི་དམངས་ཉེན་རྟོག་པ་སོ་སོར་ཁག་བགོས་དོ་དམ་གྱི་ཁོངས་གཏོགས་ཁུལ་དབྱེ་ནས་དུད་ཚང་རེར་ཆ་ཚང་ལ་ཞིབ་ཚགས་པའི་དམངས་དོན་སྐོར་གྱི་ཉིན་ཐོ་ཆ་ཚང་ཞིག་བཀོད་པ་མ་ཟད། དམངས་དོན་གྱི་རྩ་གཉིས་བཤེར་རྟགས་ཀྱང་སྦྱར་ནས་གནད་སྨིན་རྗེས་སྙེག་གི་ཞབས་ཞུ་དང་མང་ཚོགས་ཀྱིས་འཕྲལ་དུ་ཉེན་དོན་སྙན་སེང་དང་རོགས་སྐྱོབ་ཞུ་རྒྱུར་སྟབས་བདེ་བསྐྲུན་པས། དོན་དག་ཆེན་པོ་མཉམ་འགུལ་དྲ་སྦྲེལ་དང་དོན་དག་ཆུང་ངུ་དྲ་མིག་ནང་ཁུལ་དུ་ཐག་གཅོད་ཐུབ་པ་བྱུང་ཡོད།
དེ་ཉིན་གྲོང་མི་ཚེ་རིང་སྒྲོལ་མས་དངངས་འཚབ་ཆེན་པོས་ཡུལ་སྨད་མཐའ་མཚམས་མངགས་གཏོང་ཁང་དུ་རོགས་སྐྱོབ་ཞུ་བར་ཡོང་ནས“མི་ཞིག་གིས་གྲོང་ཁྱེར་ཞིག་གི་ཉེས་དོན་མྱུལ་ཞིབ་རུ་ཆེན་གྱི་རུ་དཔོན་རྒན་པར་བརྫུས་ཏེ་ངར་བཙོག་དངུལ་གཙང་སྒྱུར་བྱས་པའི་དོགས་པ་འདུག་པས་བརྟག་དཔྱད་བྱ་རྒྱུར་གཞོགས་འདེགས་བྱེད་དགོས་པའི་རེ་བ་འདོན་གྱི་འདུག ཁ་པར་ཉན་རྗེས་དངངས་སྐྲག་ཆེན་པོ་བྱུང་། ཁྱེད་ཚོས་དོན་དག་དེ་གང་འདྲ་ཡིན་མིན་ལྟ་རོགས”ཞེས་ཞུས།
མི་དམངས་ཉེན་རྟོག་པ་མིག་དམར་ཚེ་རིང་ལ་དེ་ནི་ཁ་བསླུས་ཡིན་པའི་དོགས་པ་སྐྱེས་ཤིང་། ཤེས་རྟོགས་གཏིང་ཟབ་བྱས་པ་བརྒྱུད་དེ་ནི་སྤྱི་བདེ་དང་། ཞིབ་དཔྱོད། ཁྲིམས་ཁང་བཅས་ཀྱི་ལས་དོན་པར་བརྫུས་ནས་གློག་འཕྲིན་གྱི་ཁ་བསླུས་རྒྱག་པའི་དཔེ་མཚོན་གྱོད་གཞི་ཞིག་ཡིན་པ་རེད།
ཚེ་རིང་སྒྲོལ་མས“ཐོག་མར་ང་དངངས་སྐྲག་ཆེན་པོ་བྱུང་། མགོ་སྐོར་གཏོང་མཁན་གྱིས་ད་དུང་ཉེན་རྟོག་པའི་རྟགས་མ་ཡོད་པའི་ཉེས་དོན་འཛིན་བཟུང་བསྡམས་བཅད་དོ་དམ་ཚོད་འཛིན་གྱི་བཀའ་རྒྱ་བཏང་བྱུང་ལ་དེའི་ཐོག་ངའི་མིང་དང་ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས་ཀྱང་འདུག གལ་ཏེ་ཉིན་ཤས་གོང་མི་དམངས་ཉེན་རྟོག་པས་ཁོངས་གཏོགས་ཁུལ་གྱི་གྲོང་མི་ཚང་མར་ཁ་བསླུས་སྔོན་འགོག་གི་དྲིལ་བསྒྲགས་ལག་དེབ་སྤྲད་མེད་ན་དངོས་འབྲེལ་མགོ་སྐོར་ཐེབས་ཉེན་འདུག”ཅེས་བཤད།
ཉེ་བའི་ལོ་ཤས་རིང་། ཡུལ་སྨད་མཐའ་མཚམས་མངགས་གཏོང་ཁང་གིས་དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་བཏང་སྟེ་བཅའ་ཁྲིམས་ཁྲིམས་སྲོལ་གྱི་དྲིལ་བསྒྲགས་རུ་ཁག་བཙུགས་ནས“བཅའ་ཁྲིམས་ལ་བརྟེན་ནས་གངས་ལྗོངས་ཀྱི་མཐའ་མཚམས་འགག་སྒོ་སྐྱོང་བ”ཞེས་པ་སློབ་གྲྭ་དང་འབྲོག་རར་དྲིལ་བསྒྲགས་ཀྱི་བྱེད་སྒོ་སྤེལ་རྒྱུར་སྐུལ་འདེད་བཏང་ཡོད།
དགུ་བཅུ་ནང་སྐྱེས་ཀྱི་མི་དམངས་ཉེན་རྟོག་པ་ཧོའུ་ལི་ལ་མང་ཚོགས་ཀྱིས་རྒྱུན་དུ“ཞའོ་ཧྭ”ཞེས་འབོད་ཀྱི་ཡོད། 2021ལོར་ཧོའུ་ལིས་རང་འགུལ་ངང་ཡུལ་སྨད་མཐའ་མཚམས་མངགས་གཏོང་ཁང་དུ་ལས་ཀར་ཡོང་བའི་རེ་འདུན་ཞུས་པས་དེ་གའི་གནས་སྤོས་ཡུལ་མི་དོ་དམ་གྱི་བུད་མེད་ཉེན་རྟོག་པ་ཁག་དང་པོར་གྱུར།
ཐེངས་ཤིག“བདུན་གཅིག་བྱས་རྗེས་གཟེངས་རྟགས”ཐོབ་མཁན་ཡུལ་སྨད་ཀྱི་མཐའ་མཚམས་སྲུང་མཁན་སྒྲོལ་དཀར་དང་མཉམ་དུ་མཐའ་མཚམས་སྐོར་གཡེང་བྱེད་སྐབས་ཧོའུ་ལིས་སྒྲོལ་དཀར་གྱི་ལག་ནས་འཇུས་ཏེ“ངས་ཁྱེད་ལ་སློབ་སྦྱོང་བྱས་ནས་གངས་ལྗོངས་མཐའ་མཚམས་སུ་གཞིས་ཆགས་པའི་སྐལ་བཟང་མེ་ཏོག་ཅིག་བྱེད་ཀྱི་ཡིན”ཞེས་བཤད་པས་སྒྲོལ་དཀར་གྱིས“ད་འོ་ན་ཁྱེད་རང་ཡང་ཡུལ་སྨད་ཀྱི་མེ་ཏོག་ཆུང་ངུ་སྟེ་ཞའོ་ཧྭ་རེད”ཅེས་བཤད།
ཕྱིས་སུ་ཡུལ་མི་སྤུན་ཟླ་ཚང་མས་ཁོང་ལ་ཉེན་རྟོག་པ“ཞའོ་ཧྭ”ཞེས་འབོད་ཀྱི་ཡོད། ཁྲིམས་ལུགས་ཁྱབ་གདལ་གྱི་དྲིལ་བསྒྲགས་བྱེད་རིང་། ཞའོ་ཧྭ་ཡིས་དུད་ཚང་དུ་འདྲི་རྟོག་བྱེད་པར་སྐྱོད་རིམ་བཞིན་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ལ་བཅའ་ཁྲིམས་ཀྱི་ཤེས་བྱ་གསལ་འགྲེལ་བྱས་ནས་ཁོང་ཚོར་བཅའ་ཁྲིམས་ཀྱི་མཚོན་ཆ་སྤྱད་དེ་རང་ངོས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་དགོས་པའི་སློབ་གསོ་རྒྱག་གི་ཡོད།
ཁྱིམ་ནི་ཡུལ་སྨད་དང་རྒྱལ་ཁབ་ནི་ཀྲུང་གོ་ཡིན། ཡུལ་སྨད་བའི་ངོས་ནས་བརྗོད་ན་མཐའ་མཚམས་སྐོར་གཡེང་དང་བསྲུང་རྒྱུ་དེ་ཚང་མའི་རང་རྟོགས་ཀྱི་བྱ་སྤྱོད་དུ་གྱུར་པ་དང་མཐའ་མཚམས་དར་རྒྱས་དང་ཕྱུག་པོ་ཡོང་བ་བྱ་རྒྱུ་ནི་ཚང་མའི་རེ་སྨོན་རེད།
ཡོན་ཧའོ་ཅེས“དུས་བཀག་ལྟར་མཐའ་མཚམས་ས་ཐིག་ཏུ་ལྟ་སྲུང་ལ་བསྐྱོད་ན་གཞི་ནས་བློ་བདེ་པོ་ཡོང་གི་འདུག་ལ། བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་བའི་དོན་སྙིང་ཡང་གཞི་ནས་གཏིང་ཟབ་ཚོར་གྱི་འདུག ང་ཚོས་ནམ་ཡང་གངས་ལྗོངས་ཀྱི་མཐའ་མཚམས་སུ་གཞིས་ཆགས་པའི་སྐལ་བཟང་མེ་ཏོག་ལྟ་བུ་བྱས་ཏེ་མུ་མཐུད་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་བསྲུངས་ནས་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་བསྐྲུན་རྒྱུ་ཡིན”ཞེས་བཤད།
(བསྟན་འཛིན་བཟང་མོས་བསྒྱུར། ཚེ་སྒྲོལ་དང་བསྟན་བཟང་གིས་ཞུས)