འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། རང་སྐྱོང་ལྗོངས་ཀྱིས་ཤང་དང་གྲོང་རྡལ(ཁྲོམ་གཞུང)གྱི་འགན་འཁྲི་ལག་བསྟར་དོན་ཚན་གྱི་གསལ་ཐོའི་ལས་དོན་ཕྱོགས་ཡོངས་ནས་སྤེལ་བའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་ལྷ་སར་འཚོཌ་ཏེ། ཚོད་ལྟ་བྱ་ཡུལ་གྱི་ཉམས་མྱོང་ཕྱོགས་སྡོམ་དང་ལས་འགན་བཀོད་སྒྲིག་བྱས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཚོགས་འདུར་ཞུཌ་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཀྲུང་དབྱང་སྒྲིག་ཁོངས་གཞུང་ལས་ཁང་གི་ཤང་དང་གྲོང་རྡལ(ཁྲོམ་གཞུང)གྱི་འགན་འཁྲི་ལག་བསྟར་དོན་ཚན་གྱི་གསལ་ཐོའི་ལས་དོན་བརྟག་ཞིབ་མཛུབ་ཁྲིད་ཚོགས་ཆུང་བདུན་པ་ཚོགས་འདུར་ཞུགས་ནས་མཛུབ་ཁྲིད་བྱས་པ་རེད།
ལའེ་ཅའོ་ཡིས་གསུངས་དོན། ཤང་དང་གྲོང་རྡལ(ཁྲོམ་གཞུང)གྱི་འགན་འཁྲི་ལག་བསྟར་དོན་ཚན་གྱི་གསལ་ཐོའི་ལས་དོན་སྤེལ་ཚུན། ཀྲུང་དབྱང་སྒྲིག་ཁོངས་གཞུང་ལས་ཁང་གི་མཛུབ་སྟོན་ཞིབ་ཚགས་འོག རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྤྱི་འདོམས་བྱེད་ཤུགས་ཆེ་རུ་དང་ནུས་ཤུཌ་ཡོད་རྒུས་སྐུལ་འདེད་བཏང་བས། དུས་ཡུན་རིང་པོའི་ནང་གཞི་རིམ་ལ་འཕྲད་པའི“རྙིང་ཆེ་དཀའ་གསུམ”གྱི་གནད་དོན་འབོར་ཆེན་ཞིག་ཐག་གཅོད་ཐུབ་པ་མ་ཟད། ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ་དང“རྟེའུ་ཡིས་ཐེར་གེ་ཆེན་པོ་འདྲུད་པའི”མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་པར་ཕན་འབྲས་བཟང་པོ་ཐོན་ཡོད།
ལའེ་ཅའོ་ཡིས་ནན་བཤད་གནང་དོན། ཏང་གི་འགོ་ཁྲིད་དེ་ཤང་དང་གྲོང་རྡལ(ཁྲོམ་གཞུང)གྱི་ལས་དོན་གྱི་ཁྱབ་ཁོངས་ཁག་དང་། ཕྱོགས་ཁག ལྷུ་ཚིགས་ཁག་བཅས་སུ་དོན་འཁྱོལ་བྱས་ཏེ། ཏང་གི་ལས་དོན་ཕྱོགས་ཡོངས་ལ་ཁྱབ་པ་དང་ཆད་ལུས་མེད་པའི་འགན་ལེན་བྱེད་དགོས། བྱ་ཐབས་དངོས་བཏོན་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་བཏང་སྟེ། ལམ་ལུགས་ཀྱི་ཐོག་ནས་ཤང་དང་གྲོང་རྡལ(ཁྲོམ་གཞུང)ཁུར་པོ་ལྕི་པོ་ལས་ཐར་བར་བྱས་ཏེ་གཞི་རིམ་གྱི་ཁུར་པོ་ཡང་དུ་ཏན་ཏིག་གཏོང་དགོས།
(ཕུར་སྒྲོན་གྱིས་བསྒྱུར། པ་ཚེས་ཞུས)