《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年02月25日

བོད་ཀྱི་སྒུལ་བདེའི་དྲ་སྦྲེལ་འཕེལ་རྒྱས་མྱུར་པོ་བྱུང་བ།

2024ལོར་ཟླ་རེར་དུད་ཚང་རེའི་ཆ་སྙོམས་རྒྱུག་འབོར་GB31.3ཟིན་ནས་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། རང་སྐྱོང་ལྗོངས་འཕྲིན་གཏོང་དོ་དམ་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། 2024ལོར། ལྗོངས་ཡོངས་ཀྱི་སྒུལ་བདེའི་དྲ་སྦྲེལ་གྱི་རྒྱུག་འབོར་རིམ་རྩིས་བརྒྱབ་ན་GBདུང་ཕྱུར་12.2ཟིན་ཏེ་དུས་མཚུངས་ལས་22.5%འཕར་ཡོད་པ་རེད། ཟླ་རེར་དུད་ཚང་རེའི་ཆ་སྙོམས་རྒྱུག་འབོར་GB30ལས་ཐོག་མར་བརྒལ་ནས་ཟླ་རེར་དུད་ཚང་རེར་GB31.3 ཟིན་ཏེ་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད་པ་རེད། གྲངས་གཞི་འདིས་བོད་ཀྱི་སྒུལ་བདེའི་དྲ་སྦྲེལ་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་མཚོན་ཡོད།

གྲངས་གཞི་ལས་མངོན་པར། 2024ལོར་ལྗོངས་ཡོངས་ཀྱི་གློག་འཕྲིན་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར་70ལས་བརྒལ་ནས་སྒོར་དུང་ཕྱུར་70.1ཟིན་པ་དེ་དུས་མཚུངས་ལས་7%འཕར་བ་དང་། དེ་དང་ཆབས་ཅིག གློག་འཕྲིན་ལས་སྒོའི་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་65.5ཟིན་པ་དེ་དུས་མཚུངས་ལས་13.7%འཕར་བ། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་པའི་ཐད་ལོ་འཁོར་མོར་སྒོར་དུང་ཕྱུར་33ཟིན་པ་དེ་དུས་མཚུངས་ལས་5.95%འཕར་ཡོད་པ་རེད།