《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2025年02月24日

འཐུས་མི་ནོར་བུ་གཡང་འཛོམས་ཀྱིས་གསུངས་དོན།

སྤུས་ཚད་མཐོར་གཏོང་དང་སྒྱུར་བཀོད་བྱས་ནས་འགྲིམ་འགྲུལ་དྲ་རྒྱ་འཐུས་སྒོ་ཚང་དུ་གཏོང་དགོས།

མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཤན་ཀན།

“ཁྲབ་རྨོག་ནས་མེ་ཏོག་བར་གྱི་གཞུང་ལམ་སྤུས་ཚད་མཐོར་གཏོང་དང་སྒྱུར་བཀོད་ཡག་པོ་བྱེད་དགོས”ཞེས་པ་དེ་ནི་2024ལོའི་བོད་རང་སྐྱོང་ལྗོངས་མེ་ཏོག་རྫོང་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་གི་སྐད་ཆ་དུམ་བུ་གཅིག་རེད་ལ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་མེ་ཏོག་རྫོང་མེ་ཏོག་གྲོང་རྡལ་མེ་ཏོག་གྲོང་ཚོའི་ཏང་ཀྲི་པུའི་རྩ་འཛུགས་ཨུ་ཡོན་དང་། གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ནོར་བུ་གཡང་འཛོམས་ཀྱིས་སྔ་ཕྱི་བར་གསུམ་དུ་སེམས་ཁྲལ་བྱེད་པའི་བྱ་བ་ཞིག་ཀྱང་རེད།

ཐེངས་ཤིག་བརྟག་ཞིབ་བྱེད་རིང་། ནོར་བུ་གཡང་འཛོམས་ཀྱིས་གནས་ཚུལ་འདི་འདྲ་ཞིག་ཤེས་རྟོགས་བྱུང་བ་སྟེ། ཤིང་ཏོག་འདེབས་མཁན་ཞིང་པས་དཀའ་ངལ་ཁྱད་བསད་བྱས་ནས་བཏབ་པའི་ཤིང་ཏོག་དག་འགྲིམ་འགྲུལ་སྟབས་མི་བདེ་བའི་དབང་གིས་དུས་ཐོག་ཏུ་ཕྱིར་ཚོང་མ་ཐུབ་པར་ཚང་མ་རུལ་ནས་ངལ་བ་འབྲས་མེད་དུ་གྱུར་པ་རེད།

དུས་དེ་ནས་བཟུང་ལམ་བུ་བཟོ་རྒྱུ་ནི་ནོར་བུ་གཡང་འཛོམས་ཀྱི་སེམས་ནད་ཅིག་ཏུ་གྱུར་ཡོད། ཁོང་གིས་གྲོང་གསེབ་གཞུང་ལམ་འཛུཌ་སྐྲུན་ལ་བརྟག་དཔྱད་ཞིབ་འཇུག་བྱེད་ཤུཌ་ཆེ་རུ་བཏང་ནས་མང་ཚོགས་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་གྱི་བསམ་འཆར་བསྡུ་ལེན་ཐེངས་མང་བྱས་པ་དང་རང་ཉིད་ཀྱི་གྲོས་འགོ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ཞིང་། མཐར་འབྲེལ་ཡོད་གྲོས་འགོར་འབྲེལ་ཡོད་སྡེ་ཚན་གྱིས་ཚད་མཐོའི་མཐོང་ཆེན་བྱས་པ་དང་མིག་སྔར་ས་གནས་དེ་གའི་མ་དངུལ་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ་མ་ཟད། གཞུང་ལམ་གྱི་རིམ་པ་མཐོ་རུ་གཏོང་བ་དང་འགྲིམ་འགྲུལ་དྲ་རྒྱ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བཞིན་ཡོད་པ་རེད།

ལམ་ཤར་གཏོང་ཐུབ་ཀྱང་ཕྱུག་འགྱུར་ཡོང་བ་ཇི་ལྟར་བྱེད་དགོས་སམ། ནོར་བུ་གཡང་འཛོམས་ཀྱིས་དོ་སྣང་བྱེད་ས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བའི་ཐད་བཞག་པ་དང་། མེ་ཏོག་རྫོང་ནི་ཚ་ཁུལ་དང་། ཚ་ཁུལ་ཕལ་པ། དྲོད་ཁུལ་དང་གྲང་ཁུལ་བཅས་མཉམ་གནས་ཀྱི་དཔེ་མཚོན་ཕྱོགས་བསྡུས་ཁུལ་དུ་གནས་པ་དང་། དམིགས་བསལ་གྱི་ས་ཁམས་ཆ་རྐྱེན་ལས་མཛེས་སྡུག་ལྡན་པའི་རང་བྱུང་མཛེས་ལྗོངས་མི་ཉུང་བ་ཞིག་ཆགས་ཡོད། ལམ་ཤར་གཏོང་ཐུབ་པ་དང་བསྟུན་ནས་གནས་འདིའི་སྐད་གྲགས་ཆོད་ཚད་ཀྱང་རྒྱུན་ཆད་མེད་པར་ཇེ་ཆེར་འགྲོ་བཞིན་ཡོད། ནོར་བུ་གཡང་འཛོམས་ཀྱིས་མེ་ཏོག་རྫོང་གི་ཡུལ་སྐོར་རྨང་གཞིའི་སྒྲིག་བཀོད་རིམ་བཞིན་འཐུས་སྒོ་ཚང་དུ་བཏང་ནས་གྲོང་མི་ཚོ་ཡུལ་སྐོར་ལ་བརྟེན་ནས་ཕྱུག་འགྱུར་ལམ་དུ་བསྐྱོད་ཐུབ་པའི་རེ་སྒུག་གནང་བཞིན་ཡོད།

ནོར་བུ་གཡང་འཛོམས་ཀྱིས། མིག་སྔར་མེ་ཏོག་རྫོང་གི་འགྲིམ་འགྲུལ་དང་། ནུས་རྒྱུ། ཆུ་བེད། འཕྲིན་གཏོང་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་ཧ་ཅང་ལེགས་པོ་ཡོད་པས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ནས་ས་གནས་དེ་གའི་མང་ཚོགས་ལ་ཐོབ་སྣང་ཆེན་པོ་སྦྱིན་ཡོད་ཅེས་གསུངས།