《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年02月23日

ནན་ཧྲུའུ་ནཱ་གྲོང་ཁྱེར་དུ་མོ་ལྕམ་ཚལ་གྱི་དུས་ཆེན་བཏང་བ།

དཔྱིད་དུས་ནི་ཅོར་ཏན་དུ་མོ་ལྕམ་སྐྱེ་འཚར་ལེགས་ཤོས་ཀྱི་ནམ་དུས་ཡིན་ཞིང་། གནའ་སྔ་མོ་ནས་ཡོད་པའི་རི་སྐྱེས་སྔོ་ཚོད་དེ་དུས་ད་ལྟའང་སྔར་བཞིན་ཅོར་ཏན་དམངས་ཚོགས་ཀྱིས་རྒྱུན་གཏན་གྱི་ཚལ་རིགས་ཤིག་ཏུ་བརྩི་གི་ཡོད། ཉེ་ཆར། ཅོར་ཏན་གྱི་རྒྱལ་ས་ཨན་མན་དང་བར་ཐག་སྤྱི་ལེ་50ཙམ་ཆོད་པའི་ནན་ཧྲུའུ་ནཱ་གྲོང་ཁྱེར་དུ་མོ་ལྕམ་ཚལ་གྱི་དུས་ཆེན་བཏང་སྟེ། རང་བྱུང་ཁམས་ལ་ཐུགས་རྗེ་ལེགས་འབུལ་དང་དཔྱིད་ཀར་ཡང་བསུ་བ་ཞུས་པ་རེད།

(མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཀོན་ཁེ་ཅང)

􀲔འདི་ནི་མི་རྣམས་ཀྱིས་ས་གནས་དེ་གའི་སྲོལ་རྒྱུན་ཚལ་རིགས་མོ་ལྕམ་དང་ཀྲོ་མ་ཀྲུ་མཉམ་དུ་རྔོ་བཞིན་པ།

➝ འདི་ནི་ས་གནས་དེ་གའི་དམངས་ཚོགས་ཀྱིས་མོ་ལྕམ་འཐུ་བཞིན་པ།

(གོང་གི་པར་གཉིས་པོ་ནི་འདི་ག་ཚགས་པར་གྱི་དབུས་ཤར་ཡན་ལག་ཁང་གི་གསར་འགོད་པ་ནཱ་ཏར·ཏ་ཝུའུ་ཏེས་པར་བརྒྱབ)