《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年02月23日

2024ལོའི་ལྷ་ས་གྲོང་ཁྱེར་གྱི་དཔལ་འབྱོར་གྲུབ་འབྲས་མངོན་གསལ་དོད་པ།

GDPསྒོར་དུང་ཕྱུར་900ལས་བརྒལ་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་། གསར་འགོད་པས་ལྷ་ས་གྲོང་ཁྱེར་བསྡོམས་རྩིས་ཅུས་ནས་ཤེས་རྟོགས་བྱས་པར། 2024ལོའི་ལྷ་ས་གྲོང་ཁྱེར་གྱི་དཔལ་འབྱོར་འཕེལ་རྒྱས་ཐད་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ནས་དཔལ་འབྱོར་བསྡོམས་འབོར་དང་འཕར་ཚད་གཉིས་ཀ་ལྗོངས་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། བཟོ་ལས་དང་། མ་འཇོག འཛད་སྤྱོད་བཅས་རྒྱུན་མཐུད་འཕར་ནས་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེན་པོར་གྱུར་ཡོད།

ངོ་སྤྲོད་བྱས་པར་གཞིགས་ན། 2024ལོར་ལྷ་ས་གྲོང་ཁྱེར་གྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་990.04མངོན་འགྱུར་བྱུང་བ་དེ་དུས་མཚུངས་ལས་6.7%འཕར་ཏེ་ལོ་སྟོད་ལས་བརྒྱ་ཆའི་གྲངས་0.5ཡིས་མགྱོགས་པ་བྱུང་བ་དང་། ལྗོངས་ཡོངས་ལས་བརྒྱ་ཆའི་གྲངས་0.4ཡིས་མཐོ་བ་ཡོད་པ་རེད། ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར་33.20ཟིན་པ་དེ་དུས་མཚུངས་ལས་7.9%འཕར་བ་དང་། ཐོན་ལས་གཉིས་པའི་རིན་ཐང་འཕར་མ་སྒོར་དུང་ཕྱུར་386.57ཟིན་པ་དེ་དུས་མཚུངས་ལས་9.5%འཕར་བ། ཐོན་ལས་གསུམ་པའི་རིན་ཐང་འཕར་མ་སྒོར་དུང་ཕྱུར་570.27ཟིན་པ་དེ་དུས་མཚུངས་ལས་5.1%འཕར་ཡོད་པ་རེད།