ཉེ་ཆར། ལྷ་ས་གྲོང་ཁྱེར་དུ་ཉིན་ཤས་བསྟུད་མར་གངས་བབས་ཡོད། ཁོངས་གཏོགས་ཁུལ་གྱི་འགྲོ་ལམ་བདེ་འཇགས་ཤར་གཏོང་ཐུབ་པར་བྱས་ནས་གྲོང་མིའི་རྒྱུན་གཏན་འཚོ་བ་དང་ཕྱིར་སྐྱོད་ལ་འགན་ལེན་བྱ་ཆེད། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གྲྭ་བཞི་ཁྲོམ་གཞུང་ཉི་དྲོ་གླིང་སྡེ་ཁུལ་གྱི་དྲ་མིག་ཏང་ཀྲི་པུའུ་4ཡིས་འཕྲལ་མར་ཏང་ཡོན་20ལྷག་ཙམ་སྒྲིག་འཛུགས་བྱས་ནས་གངས་གསོག་ཐེབས་པའི་ལམ་ངོས་གཙང་མར་འཕྱགས་པ་རེད། འདི་ནི་ཉི་དྲོ་གླིང་སྡེ་ཁུལ་གྱི་ཏང་ཡོན་གྱིས་གངས་འཕྱག་བཞིན་པ།