འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། སྣང་རྫོང་ལ་ཐོག་ཤང་མི་སྤྱི་གཞུང་ལས་ཁང་གི་ལས་དོན་པས་ཁོངས་གཏོགས་ཁུལ་གྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་གཏོད་ཚོང་ཁང་དུ་འཚམས་འདྲི་མཐིལ་རྟོགས་བྱེད་པར་བསྐྱོད་ནས། ཆུ་རིན་དང་གློག་རིན་ཁ་གསབ་ཀྱི་འདུན་ཞུའི་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ་རེད།
འཚམས་འདྲི་བྱེད་རིང་། ལས་དོན་པས་ལས་གཏོད་རྣམ་གྲངས་ཀྱི་དོན་དངོས་གནས་ཚུལ་དང་། གཉེར་སྐྱོང་བྱེད་སྟངས། འབྲེལ་ཡོད་སྲིད་ཇུས་དོན་འཁྱོལ་བྱས་ཚུལ་བཅས་ལ་གཙོ་གནད་དུ་བདེན་མིན་བརྟག་དཔྱད་བྱས་ཤིང་། ཚོང་ཁང་རེ་རེར་སླེབས་རིམ་བཞིན་ལས་དོན་པས་ལས་གཏོད་སློབ་ཐོན་སློབ་མ་དང་བྱམས་བརྩེའི་སྤེལ་རེས་ཀྱིས་ལས་གཏོད་བྱེད་རིང་འཕྲད་པའི་ཁོང་ཚོའི་དཀའ་ངལ་དང་དགོས་མཁོར་ཤེས་རྟོགས་ཞིབ་ཕྲ་བྱས་པ་མ་ཟད། ཁོང་ཚོར་བློ་རྩ་བརྟན་པོས་ལས་གཏོད་བྱེད་སེམས་མི་ཉམས་པ་དང་། ལས་གཏོད་ཀྱི་སྲིད་ཇུས་ཁག་ཡག་པོ་སྤྱོད་དགོས་པའི་ལྕག་སྐུལ་ཡང་བྱས་པ་རེད།
ཆུ་རིན་དང་གློག་རིན་གྱི་ཁ་གསབ་སྲིད་ཇུས་ཐད། ལས་དོན་པས་ས་གནས་ས་ཐོག་ཏུ་ལས་གཏོད་པར་ཁ་གསབ་ཀྱི་སྲིད་ཇུས་ལ་གསལ་འགྲེལ་ཞིབ་ཕྲ་བརྒྱབ་པ་མ་ཟད། འབྲེལ་ཡོད་ཀྱི་དཔང་ཡིག་བྲིས་ནས་ཆ་རྐྱེན་འཛོམས་པའི་ལས་གཏོད་པར་ཁ་གསབ་ལོངས་སྤྱོད་ཐུབ་པར་བྱས་ཡོད།