《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年02月21日

རང་ལྗོངས་ཀྱིས་ལྷ་ས་ནས་ཁྲེང་ཏུའུ་ཐེན་ཧྥུའུ་བརྒྱུད་ཤང་ཀང་བར་གྱི་མཁའ་ལམ་བཏོད་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་2ཚེས་19ཉིན་གནས་ཚུལ་འབྱོར་གསལ། ཚེས་19ཉིན། ལྷ་ས་ནས་ཁྲེང་ཏུའུ་ཐེན་ཧྥུའུ་བརྒྱུད་ཤང་ཀང་བར་འགྲོ་འོང་བྱེད་པའི་དུས་བཀག་ཚོང་ལས་ཀྱི་དུས་གཏན་གནམ་གྲུ་གཏོང་འགོ་ཚུགས་པ་རེད། དུས་གཏན་གནམ་གྲུ་དེ་བོད་ལྗོངས་མཁའ་འགྲུལ་ཀུང་སིས་འཕུར་འགན་འཁུར་བ་དང་དུས་གཏན་གནམ་གྲུའི་ཨང་རྟགས་ནི་TV9701/02ཡིན་ཞིང་། གཟའ་འཁོར་རེའི་གཟའ་ལྷག་པ་དང་གཟའ་ཉི་མར་ཐེངས་རེ་འཕུར་རྩིས་ཡོད་པ་དང་ཆུ་ཚོད་8:10ལ་ལྷ་ས་ནས་འཕུར་ཏེ་ཆུ་ཚོད་14:35ལ་ཤང་ཀང་དུ་འབྱོར་རྒྱུ་དང་། ཆུ་ཚོད་15:45ལ་ཤང་ཀང་ནས་འཕུར་ཏེ་ཆུ་ཚོད་23:30ལ་ལྷ་སར་འབྱོར་རྒྱུ་རེད།

དུས་གཏན་གནམ་གྲུ་དེའི་འཕུར་སྐྱོད་ལ་འགན་ལེན་བྱ་ཆེད། ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་གིས་མཐའ་མཚམས་ཞིབ་བཤེར་དང་། འགག་སྒོ་ལས་ཁུངས། བོད་ལྗོངས་མཁའ་འགྲུལ་སོགས་ཚན་པ་དང་མཐུན་སྦྱོར་ཧུར་ཐག་བྱས་ཏེ་ཞབས་ཞུ་དང་འཕུར་སྐྱོད་གཞི་གཅིག་ཅན་གྱི་རྣམ་པ་ཁྱབ་སྤེལ་བཏང་བས། འགག་སྒྲོལ་ཞིབ་བཤེར་གྱི་ནུས་ཕྱོད་དང་། སྤ་སེ་ཞིབ་བཤེར། བདེ་འཇགས་ཞིབ་བཤེར། གནམ་གྲུར་འཛུལ་བ་བཅས་ཀྱི་ལས་ཕྱོད་མཐོ་རུ་ནུས་ལྡན་འགྲོ་རྒྱུ་རེད།

(ཚེ་བརྟན་སྒྲོལ་དཀར་གྱིས་བསྒྱུར། ཉི་དོན་གྱིས་ཞུས)