《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2025年02月20日

ལོ་གསར་མཁོ་ཆས་འབེལ། འཚོ་བ་བདེ་སྐྱིད་ལྡན།

འདི་ནི་གྲོང་མིས་ལོ་གསར་གྱི་སྡེར་ཁ་ཉོ་བཞིན་པ།

འདི་ནི་གྲོང་མིས་ལོ་གསར་གྱི་ཤམ་བུ་ཉོ་བཞིན་པ།

འདི་ནི་ལོ་གསར་གྱི་ལོ་ཕུད་འཚོང་བཞིན་པ།

འདི་ནི་ལོ་གསར་གྱི་གཟབ་སྤྲོས་ཚད་རྒྱག་བཞིན་པ།

འདི་ནི་མཚོན་རྟགས་སྣ་ཚོགས་ཀྱིས་བརྒྱན་པའི་ཐུད་ཡིན་པ།

འདི་ནི་གྲོང་མིས་ལོ་གསར་གྱི་མཁོ་ཆས་ཉོ་བཞིན་པ།

འདི་ནི་ལོ་གསར་གྱི་མཁོ་ཆས་སྣ་ཚོགས་ཡིན་པ།

འདི་ནི་སྤུས་ཀ་དག་པའི་གྲོ་མ་དང་ཕྱུར་བ་སོགས་ཡིན་པ།

འདི་ནི་གྲོང་མིས་སློ་མ་ཉོ་བཞིན་པ།

འདི་ནི་གྲོང་མིས་རོ་བཅུད་ལྡན་པའི་ཚགས་ཤ་སྐམ་པོ་ཉོ་བཞིན་པ།

འདི་ནི་ལོ་གསར་གྱི་ཐུད་འཚོང་བཞིན་པ།

འདི་ནི་གྲོང་མིས་ཞྭ་མོ་ཚད་རྒྱག་བཞིན་པ།

འདི་ནི་ཚོན་མདོག་རྣམ་པར་བཀྲ་བའི་ཁ་ཟས་ཡིན་པ།

བོད་ཤིང་སྦྲུལ་ལོའི་ལོ་གསར་འཆར་ལ་ཉེ་བའི་མཚམས་འདིར། ལྷ་སའི་དུས་ཆེན་གྱི་ཁྲོམ་ར་འཁྲུག་ཆ་དོད་དུ་རྒྱུན་མཐུད་སོང་སྟེ། ཁྲོམ་གཞུང་དང་སྲང་ལམ་གང་སར་ལོ་གསར་གྱི་མཁོ་ཆས་ཉོ་མཁན་གྲོང་མི་མང་ཚོགས་ཀྱིས་ཁེངས་ནས་འཛད་སྤྱོད་ཀྱི་ཚ་རླབས་ཤིག་འཕྱུར་བཞིན་མཆིས། གསར་འགོད་པ་ཆེད་མངགས་ལྷ་སའི་བར་སྐོར་ཚོང་གྲོང་གི་ལོ་གསར་མཁོ་ཆས་ཁྲོམ་རར་བཅར་འདྲིར་སྐྱོད་སྐབས། འདི་གར་ཤ་མར་ཐུད་གསུམ་དང་། རྩེ་སྒྲོ། སྙེ་མ། སྡེར་ཁ། ཁ་ཟས། ཤམ་བུ། ལོ་ཕུད། རྒྱན་གོས། ཤིང་ཏོག་སོགས་ལོ་གསར་གྱི་མཁོ་ཆས་གང་དགོས་སྣ་ཁ་འཛོམས་པོ་འདུག་པས། སྐྱ་ནམ་རྒྱས་པའི་ལོ་གསར་མཁོ་ཆས་ཁྲོམ་ར་ཞིག་དངོས་སུ་མཐོང་བྱུང་།