《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2025年02月20日

ཀོང་ཏུང་གིས“འཛམ་གླིང་འདམ་རའི་ཉིན་མོ”དང་ཤིང་དམར་ནགས་ཚལ་སྲུང་སྐྱོང་གི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

ཟླ་2ཚེས་16ཉིན། 2025ལོའི་ཀོང་ཏུང་ཞིང་ཆེན་གྱི“འཛམ་གླིང་འདམ་རའི་ཉིན་མོ”དང་ཤིང་དམར་ནགས་ཚལ་སྲུང་སྐྱོང་དྲིལ་བསྒྲགས་བྱེད་སྒོ་ཀོང་ཀྲོའུ་ཧའེ་ཀྲུའུ་རྒྱལ་ཁབ་འདམ་རའི་སྤྱི་གླིང་དུ་སྤེལ་བ་རེད། བྱེད་སྒོ་སྤེལ་སར་2024ལོའི་ཀོང་ཏུང་ཞིང་ཆེན་གྱི་འདམ་རའི་མིང་གཞུང་གལ་ཆེན་དང་དེ་བཞིན“འདམ་ར་ཆུང་ངུ+”དང“འདམ་རའི་སྤྱི་གླིང+”ཚོད་ལྟ་འཛུགས་སྐྲུན་གྱི་མིང་ཐོ་ཁྱབ་བསྒྲགས་བྱས་པ་མ་ཟད། གོ་ལ་ཧྲིལ་པོའི་འབུ་སྲིན་རིགས་གསར་པ་ཁྱབ་བསྒྲགས་ཀྱི་མཛད་སྒོ་ཡང་འཚོགས་ཤིང་། འདི་ནི་ཁྱིམ་བདག་གིས་ཕྲུ་གུ་ཁྲིད་ནས་ཀོང་ཀྲོའུ་ཧའེ་ཀྲུའུ་རྒྱལ་ཁབ་འདམ་རའི་སྤྱི་གླིང་དུ་ཉེ་བའི་ལོ་ཤས་རིང་ཤེས་རྟོགས་བྱུང་བའི་འབུ་སྲིན་་རིགས་གསར་པར་ལྟ་བཞིན་པ།