འདི་ག་ཚགས་པར་ཁང་དུ་ཆབ་མདོ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། བོད་སྐྱོར་གྱི་བརྩེ་བ་འཆང་བ་དང་ནད་པའི་འདུན་པ་འགྲུབ་པའི་རྡོག་ཐོན་གྱི་མཛད་སྒོ་ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་དུ་འཚོགས་པ་དང་། དུས་ཡུན་རིང་པོར་རུས་ཚིགས་ནད་ཀྱིས་མནར་བའི་ནད་པ་11བོད་སྐྱོར་ལས་དོན་ཚོགས་ཆུང་གི་རོགས་རམ་འོག་ལེ་དབར་སྟོང་གིས་ཆོད་པའི་ཐེན་ཅིན་པེ་ཁྲེན་སྨན་ཁང་དུ་སྨན་རིན་མི་དགོས་པར་སྨན་བཅོས་བྱེད་པར་བསྐྱོད་པ་རེད།
རྡོག་ཐོན་གྱི་མཛད་སྒོར། སྟེང་ཆེན་རྫོང་གི་འབྲེལ་ཡོད་འགན་འཁུར་བས་ད་རེས་ཀྱི་ནད་པ་11ལ་སྨན་རིན་མི་དགོས་པར་སྨན་བཅོས་བྱེད་པའི་གོ་སྐབས་བྱུང་བས། ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་པ་མ་ཟད། ཐེན་ཅིང་པེ་ཁྲེན་སྨན་ཁང་གིས་ཤུགས་ཆེའི་རྒྱབ་སྐྱོར་དང་རོགས་རམ་གནང་བར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད།
དེ་རྗེས། ནད་པ་བཅུ་གཅིག་པོ་ཉིན་དེར་ཐེན་ཅིན་དུ་སྨན་རིན་མི་དགོས་པར་སྨན་བཅོས་བྱེད་པར་བསྐྱོད་པ་རེད། (པ་སངས་ཚེ་རིང་གིས་བསྒྱུར། ཚེ་དབང་ལྷ་མོ་དང་པ་ཚེས་ཞུས)