འདི་ག་ཚགས་པར་ཁང་དུ་རྩེད་ཐང་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། ཧུའུ་པེ་ཞིང་ཆེན་ཏང་སྲིད་འཐུས་མི་ཚོགས་པས་ལྷོ་ཁ་གྲོང་ཁྱེར་ལ་དངོས་ཟོག་ཞལ་འདེབས་རྒྱག་པའི་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོ་ཧུའུ་པེའི་བོད་སྐྱོར་ཁྱིམ་གཞིས་སུ་གཉེར་ཞིང་། ལྷོ་ཁ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རྒྱུན་ལས་ཧྲི་ཀྲང་གཞོན་པ། ཧུའུ་པེ་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་པའི་རུ་སྣེ་འཁྲིད་མཁན་ཝང་ཡུན་ཆིང་གིས་ཧུའུ་པེ་ཞིང་ཆེན་གྱི་ཚབ་བྱས་ནས་ལྷོ་ཁ་གྲོང་ཁྱེར་ལ་དངོས་ཟོག་ཞལ་འདེབས་བརྒྱབ་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། 2024ལོའི་ཟླ་9པར། ཧུའུ་པེ་ཞིང་ཆེན་ཏང་སྲིད་འཐུས་མི་ཚོགས་པ་བོད་དུ་རྟོག་ཞིབ་ལ་ཡོང་བ་དང་འབྲེལ། ལྷོ་ཁ་གྲོང་ཁྱེར་ལ་སྒོར་ཁྲི་500རི་བའི་ལྗིད་འདེགས་མི་མེད་གནམ་གྲུ་1དང་། སྒོར་ཁྲི་300རི་བའི་གྲོང་ཁྱེར་དོ་དམ་རླངས་འཁོར་17 སྒོར་ཁྲི་200རི་བའི་ཧུའུ་པེའི་ཇ་བག་ཆུང་ཁྲི་1.5བཅས་ཁྱོན་སྒོར་ཁྲི་1000རི་བའི་དངོས་ཟོག་ཞལ་འདེབས་བརྒྱབ་ཡོད། ད་ཐེངས་རྩིས་སྤྲོད་ཀྱི་དངོས་ཟོག་ནང་ཇ་བག་ཆུང་དང་ལྗིད་འདེགས་མི་མེད་གནམ་གྲུ་ཁག་གཉིས་ཡོད་པ་ཕུད། དེ་བྱིངས་ཀྱི་གྲོང་ཁྱེར་དོ་དམ་རླངས་འཁོར་ཉོས་ནས་དབོར་རྗེས་རྩིས་སྤྲོད་རྩིས་ལེན་ལོགས་སུ་བྱེད་རྒྱུ་ཡིན་པ་རེད།
(ཚེ་དབང་ལྷ་མོས་བསྒྱུར། པ་སངས་ཚེ་རིང་གིས་ཞུས)