《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2025年02月20日

ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་ཆུ་ཁ་བྱང་གྲོང་ཚོའི་པ་སངས་བཀྲ་ཤིས་ཀྱི།

སྤྲོ་སྣང་ལྡན་པའི་ནང་མི་མཉམ་འཛོམས་ཀྱི་འདྲ་པར།

འདི་ནི་པ་སངས་བཀྲ་ཤིས་ཀྱིས་ནང་མི་མཉམ་འཛོམས་ཀྱི་འདྲ་པར་ལེན་བཞིན་པ།

ཟླ་2ཚེས་14ཉིན་གྱི་སྔ་དྲོར། ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་བྱང་ཁ་ཤང་ཆུ་ཁ་བྱང་གྲོང་ཚོའི་པ་སངས་བཀྲ་ཤིས་ཁྱིམ་གྱི་རྒྱལ་སྒོ་མ་འཛུལ་གོང་སྒོ་རའི་ནང་ནས་སྙན་འཇེབས་ལྡན་པའི་གླུ་གཞས་རྣ་བར་གྲཌ།

འདི་ལོ་ལོ་20ལ་སླེབས་པའི་པ་སངས་བཀྲ་ཤིས་ནི་ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭའི་སློབ་མ་རེད། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་དཔྱིད་གསར་དུས་ཆེན་མཚན་ཚོགས་ཀྱི་བོད་ལྗོངས་ལྷ་སའི་ཡན་ལག་ཚོགས་རའི《ལྷ་ས། སྤྲོ་བའི་གར་སྟབས་ལ་རོལ་ཞིག》ཅེས་པའི་གླུ་གཞས་དར་ཁྱབ་བྱུང་རྗེས། ཁོང་གིས་ནང་མི་དང་མཉམ་དུ་ཞབས་བྲོ་འཁྲབ་བཞིན་འདུག

“ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་དཔྱིད་གསར་དུས་ཆེན་མཚན་ཚོགས་ཀྱི་བོད་ལྗོངས་ལྷ་སའི་ཡན་ལག་ཚོགས་རའི་སྐར་མ་བརྒྱད་ཀྱི་འཁྲབ་སྟོན་ནང་ཟློས་གར་དང་ལྷ་མོ་སོགས་ལེ་ཚན་སྣ་ཚོགས་འཁྲབ་སྟོན་བྱས་ཏེ་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་མང་པོ་མངོན་པར་བྱས་པ་མ་ཟད། གར་སྟེགས་ཐོག་བོད་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་གཞི་རྒྱུ་མང་པོ་མཉམ་འདྲེས་བྱས་པ་མཐོང་སྐབས་ང་རང་སྤོབས་པ་ཆེན་པོ་སྐྱེས་བྱུང་། ལྷག་པར་དུ་ཞབས་བྲོ‘ལྷ་ས། སྤྲོ་བའི་གར་སྟབས་ལ་རོལ་ཞིག’ཅེས་པའི་ལེ་ཚན་འདིར་ཧ་ཅང་དགའ་པོ་ཡོད། ཞབས་བྲོ་དེ་སྦྱོང་བདེ་བ་དང་གཞས་ཀྱང་ཧ་ཅང་སྙན་པོ་འདུག”ཅེས་པ་སངས་བཀྲ་ཤིས་ཀྱིས་དེ་ལྟར་ཤོད་བཞིན་ལོ་87ལ་སླེབས་པའི་རྨོ་བོ་ལགས་དང་མཉམ་དུ་ཞབས་བྲོ་འཁྲབ་བཞིན་འདུག

“ཞབས་བྲོ་འཁྲབ་སྐབས་གལ་ཆེ་ཤོས་ནི་སེམས་ཁམས་དང་ཉམས་འགྱུར་འདོན་དགོས་ལ། གད་མོ་ཡང་དགོད་དགོས”པ་སངས་བཀྲ་ཤིས་ཀྱིས་རྨོ་བོ་ལགས་སྐྱོར་ནས་བསྡད་རྗེས། གསར་འགོད་པར་བོད་ཀྱི་ལོ་གསར་གྱི་གོང་དུ་ནང་མི་མཉམ་འཛོམས་ཀྱི་འདྲ་པར་རྒྱག་གི་ཡོད། ཁྱིམ་ཚང་གི་འཚོ་བ་ལོ་རེ་བཞིན་ཡག་ཏུ་ཕྱིན་པར་བརྟེན་རྨོ་བོ་ལགས་ཀྱི་ངོ་གདོང་ནས་དགའ་བའི་འཛུམ་མདངས་འཕྱུར་བཞིན་འདུག་ཅེས་བརྗོད།

ལྷུན་གྲུབ་རྫོང་ནི་ལྷ་ས་གྲོང་ཁྱེར་གྱི་འབྲུ་རིགས་རྫོང་ཆེན་དང་པོ་དང་འབྲོག་ལས་རྫོང་ཆེན་གཉིས་པ་ཡིན་པས། “ལྷ་སའི་འབྲུ་མཛོད”ཅེས་བརྗོད་ཀྱི་ཡོད་ལ། དཔེ་མཚོན་གྱི་ཞིང་ལས་རྫོང་ཆེན་ཞིག་ཀྱང་རེད། ཉེ་བའི་ལོ་ཤས་རིང་། ཆུ་ཁ་བྱང་གྲོང་ཚོས་འཕྲུལ་ཆས་ལ་བརྟེན་ནས་ཞིང་ལས་བྱེད་པ་དང་གྲོང་ཚོ་ཡོངས་ཀྱི་ས་ཞིང་རིན་མེད་ངང་ཚབ་རྨོ་ཚབ་འདེབས་ཀྱི་ཞབས་འདེགས་ཞུ་བ་མ་ཟད། གཞི་ཁྱོན་ཆུང་བའི་ཁ་ཐོར་གཉེར་སྐྱོང་གི་ཞིང་དུད་གཅིག་སྡུད་ཡུག་འབྲེལ་གྱི་འཕྲུལ་ཆས་ཅན་དང་།

(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད) གཞི་ཁྱོན་ཅན། ལེགས་བསྡུས་ཅན་བཅས་ཀྱི་ལྗང་མདོག་ནུས་ཆེའི་དེང་རབས་ཞིང་ལས་འཕེལ་རྒྱས་ཀྱི་ལམ་བུར་སྣེ་ཁྲིད་བྱས་ནས་གྲོང་གསེབ་དར་རྒྱས་ཀྱི་གོམ་སྟབས་མགྱོགས་སུ་བཏང་ཡོད།

“ཕ་མ་གཉིས་པོས་ཞིང་ལས་བྱེད་པ་དང་གཅེན་པོས་ཨར་ལས་འཕྲུལ་འཁོར་ཆེ་གྲས་གཉིས་བཏང་ནས་གླ་པ་རྒྱུག་པའི་ཐོག་སྲིད་ཇུས་ཀྱི་ཁ་གསབ་ཁག་གཅིག་བསྣན་ན། མི་རེར་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་10ཟིན་གྱི་འདུག གཞན་ཡང་གྲོང་ཚོའི་རྒན་གསོ་ཁང་གིས་རྒན་རྒོན་ཚོར་རིན་མེད་ངང་ལྟོ་སྟེར་བ་དང་། བོད་ལུགས་གསོ་རིག་གི་སྨན་བཅོས་བྱེད་པ། རིན་མེད་བདེ་ཐང་སྨན་བཅོས་འཕུར་མཉེད་བཅས་བྱེད་ཀྱི་ཡོད་པས། རྨོ་བོ་ལགས་ཀྱིས་ང་ལྟད་མོ་ལྟ་བར་འཁྲིད་རོགས་ཞེས་ཤོད་ཀྱི་འདུག”ཅེས་བརྗོད་བཞིན་དུ་པ་སངས་བཀྲ་ཤིས་ཀྱིས་རྨོ་བོ་ལགས་བསྐྱོར་ནས་ཆུ་ཁ་བྱང་གྲོང་ཚོའི་ཏང་དམངས་ཞབས་ཞུའི་ལྟེ་གནས་ཀྱི་ཕྱོགས་སུ་བསྐྱོད།

ཆུ་ཁ་བྱང་གྲོང་ཚོའི་ཏང་དམངས་ཞབས་ཞུའི་ལྟེ་གནས་ཀྱི་ཐང་ཆེན་དུ་བོད་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དང་། ལྷ་ས་གྲོང་ཁྱེར་དྲིལ་བསྒྲགས་པུའུ། ལྷ་ས་གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུས། ལྷུན་གྲུབ་རྫོང་བཅས་ཀྱིས་གཙོ་གཉེར་བྱས་པའི་བོད་ཀྱི་རིག་རྩལ་དང་བླངས་པའི་དཔྱིད་གསར་རིམ་སྤེལ་བྱེད་སྒོ་སྤེལ་བཞིན་འདུག པ་སངས་བཀྲ་ཤིས་ཀྱིས་སྐབས་དེ་དང་བསྟུན་ནས་ནང་མི་མཉམ་འཛོམས་ཀྱི་པར་ཞིག་བརྒྱབ་པ་རེད།