འདི་ནི་ཟླ་2ཚེས་12ཉིན་པར་བརྒྱབ་པའི་སི་ཁྲོན་ཞིང་ཆེན་ལྷོ་རྒྱུད་རྫོང་གི་2025ལོའི“དཔྱིད་རླུང་བྱ་སྤྱོད”དང་ཤར་ནུབ་རྒྱུད་ཀྱི་ངལ་ལས་མཉམ་ལས་ཀྱི་ལས་བསྡུའི་འདུ་ཚོགས་ཆེ་གྲས་འཚོག་ཡུལ་ཡིན་པ།
འདི་ནི་ཟླ་2ཚེས་13ཉིན། ཁྲུང་ཆིང་གྲོང་ཁྱེར་པེ་པེ་ཆུས་མི་སྤྱི་ཅུས་སུ་གཉེར་བའི་2025ལོའི“དཔྱིད་རླུང་བྱ་སྤྱོད”ཀྱི་ཆེད་དོན་ལས་བསྡུའི་འདུ་ཚོགས་འཚོག་ཡུལ་དུ་ལས་ཀ་འཚོལ་མཁན་གྱིས་ལས་མི་བསྡུ་བའི་ཆ་འཕྲིན་ཤེས་རྟོགས་བྱེད་བཞིན་པ།
འདི་ནི་ཟླ་2ཚེས་10ཉིན། ཧུའུ་ནན་ཞིང་ཆེན་ཧེང་དབྱང་གྲོང་ཁྱེར་མཐོ་གསར་ཁུལ་དུ་གཉེར་བའི་2025ལོའི“དཔྱིད་རླུང་བྱ་སྤྱོད”ཀྱི་ལས་བསྡུའི་འདུ་ཚོགས་འཚོག་ཡུལ་དུ་ལས་དོན་པས་ཐད་གཏོང་བྱེད་བཞིན་པ།
འདི་ནི་ཟླ་2ཚེས་13ཉིན། ཀྲེ་ཅང་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་དང་ཧང་ཀྲོའུ་འགྲུལ་སྐྱེལ་དུམ་བུས་མེ་འཁོར་K210ཡི་ཐོག་ཏུ་མེ་འཁོར་ཁེ་ལས་ཀྱི་ལས་བསྡུའི་འདུ་ཚོགས་སྐབས་ལྔ་པ་མཉམ་དུ་གཉེར་བར་མི་སྤྱོད་ཚན་པ་དང་ལས་ཀ་འཚོལ་མཁན་དབར་ས་གནས་ས་ཐོག་ཏུ་སྤེལ་རེས་བྱེད་བཞིན་པ།
འདི་ནི་ཟླ་2ཚེས་14ཉིན། ཧོ་པེ་ཞིང་ཆེན་ཧྲི་ཅ་ཀྲོང་གྲོང་ཁྱེར་ཀྲའོ་རྫོང་གི་གྲོང་ཁྱེར་ཕྱོགས་བསྡུས་ཁང་དུ་འཚོགས་པའི“དཔྱིད་རླུང་བྱ་སྤྱོད”ཀྱི་ལས་བསྡུའི་འདུ་ཚོགས་སུ་ཁེ་ལས་ཀྱི་འཐུས་མིས་ལས་བསྡུའི་ཆ་འཕྲིན་སྒྲོག་འགྲེལ་བྱེད་བཞིན་པ།
ཉེ་ཆར། རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་ལས་བསྡུའི་བྱེད་སྒོ་སྣ་ཚོགས་གཅིག་རྗེས་གཉིས་མཐུད་ངང་སྤེལ་ནས། ལས་ཀ་འཚོལ་མཁན་དང་མི་སྤྱོད་ཚན་པར་འབྲེལ་མཐུད་ཀྱི་ལས་སྟེགས་ཤིག་བསྐྲུན་ཡོད། ཟླ་1པོའི་ཟླ་དཀྱིལ་ནས་ཟླ་2ཚེས་11ཉིན་བར། རྒྱལ་ཡོངས་སུ་རིམ་རྩིས་བརྒྱབ་ན་ལས་བསྡུའི་བྱེད་སྒོ་སྣ་ཚོགས་ཐེངས་ཁྲི2.2སྤེལ་བར་ལས་གནས་ཁྲི་1500མཁོ་འདོན་བྱས་ཡོད།