《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年02月18日

ལས་ཞུགས་ལ་སྐུལ་འདེད་ཧུར་ཐག་བཏང་བ།

ཟླ་2ཚེས་14ཉིན། རང་སྐྱོང་ལྗོངས་ལས་ཞུགས་ཞབས་ཞུ་ལྟེ་གནས་ཀྱིས་ལྗོངས་ལས་ཞུགས་ཞབས་ཞུ་ལྟེ་གནས་ཀྱི་ཤེས་ལྡན་པའི་ཐང་ཆེན་དུ་2025ལོའི་དཔྱིད་རླུང་བྱ་སྤྱོད་དང་དུས་ཐེངས་ཞེ་བདུན་པའི་ལས་བསྡུའི་འདུ་ཚོགས་ཆུང་གྲས་ཤིག་འཚོགས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་ལས་བསྡུའི་འདུ་ཚོགས་ཀྱི་མི་སྤྱོད་ཚན་པའི་གྲས་སུ་བོད་ལྗོངས་བདུད་རྩི་རྟགས་ཅན་བོད་སྨན་མ་རྐང་ཚད་ཡོད་འགན་འཁྲི་ཀུང་སི་དང་ལན་ཀྲོའུ་པའེ་ཧྲི་འཐུང་ཆ་ཚད་ཡོད་འགན་འཁྲི་ཀུང་སི་སོགས་ཁེ་ལས་57ཡོད་པ་དེ་དག་གིས་ལས་གནས་888མཁོ་འདོན་བྱས་ཡོད། འདི་ནི་ལས་མི་བསྡུ་ཡུལ་ཡིན་པ།