《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年02月14日

བོད་རང་སྐྱོང་ལྗོངས་ཀྱི་2024ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2025ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་སྐོར་གྱི་འཆར་གཞིའི་འཆར་ཟིན་སྐོར་གྱི་སྙན་སྒྲོན།

(པར་ངོས་དྲུག་པར་མཐུད) ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་གཏོང་བ། འཕེལ་རྒྱས་ཀྱི་གསོན་ཤུགས་ཟམ་མི་ཆད་པར་འཕེལ་བ། འཕེལ་རྒྱས་ཀྱི་མཉམ་ཤུགས་གཅིག་སྒྲིལ་གང་ལེགས་བཅས་ཀྱི་ཐོག་ནས། “ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་པར་རྨང་གཞི་བརྟན་པོ་འདིང་དགོས་ལ། གཡུར་དུ་ཟ་བའི་གྲུབ་འབྲས་ཀྱི་ཐོག་ནས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་བསུ་བ་ཞུ་དགོས།

(གཅིག) རྣམ་གྲངས་གལ་ཆེན་དམ་འཛིན་བྱ་གཞིར་བརྩིས་ཏེ། ནུས་ལྡན་མ་འཇོག་བྱེད་རྒྱ་རྒྱུན་མཐུད་ཆེ་རུ་གཏོང་རྒྱུ། 2025ལོར་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་180ཡས་མས་ཐོག་མར་བཀོད་སྒྲིག་བྱས་ནས་མ་འཇོག་སྒོར་དུང་ཕྱུར་2000ཡན་ལེགས་སྒྲུབ་བྱ་རྒྱུ་སྟེ། གཅིག་ནས་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་བརྩོན་ལེན་ཧུར་ཐག་བྱ་རྒྱུ་དང་། སྙན་ཞུ་དང་སྦྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་ནས“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་གཙོ་གནད་ལས་གྲྭ་ཁག་151འཛུགས་སྐྲུན་གང་མགྱོགས་དང“གཙོ་གཉིས”འཛུགས་སྐྲུན་ལ་སྤུས་ཚད་མཐོ་པོས་སྐུལ་འདེད་བཏང་ནས་ཀྲུང་དབྱང་སྲིད་གཞུང་གི་མ་འཇོག་སྒོར་དུང་ཕྱུར་800ཡན་དོན་འཁྱོལ་ཐུབ་པ་བྱ་རྒྱུ། ཀྲུང་དབྱང་ཁེ་ལས་ཀྱིས་རྣམ་གྲངས་དང་མ་འཇོག་དོན་འཁྱོལ་གང་མགྱོགས་བྱེད་པར་སྐུལ་འདེད་གཏོང་རྒྱུ། ཚོང་འགུགས་མ་འདྲེན་བྱེད་ཤུགས་ཆེ་རུ་བཏང་ནས“བོད་ལྗོངས་ལ་མ་འཇོག་བྱེད·བཀྲ་ཤིས་བདེ་ལེགས”ཞེས་པའི་སྤུས་རྟགས་བཏོད་དེ་ཚོང་འགུགས་མ་འདྲེན་གྱི་ལག་སྦྱོར་མ་དངུལ་སྒོར་དུང་ཕྱུར་500དོན་འཁྱོལ་ཐུབ་པ་བྱ་རྒྱུ། གཉིས་ནས་རྣམ་གྲངས་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་དང་། རྒྱལ་ལམ་219རྒྱུད་ཀྱི་འབྲི་ཆུའི་སྟོད་རྒྱུད་ནས་ཧུའུ་པེ་བར་གྱི་ཆེས་མཐོ་གནོན་ཐད་རྒྱུག་གློག་གཏོང་ལས་གྲྭ་སོགས་ཀྱི་རྣམ་གྲངས་བསྐྲུན་ཟིན་པ་བྱ་རྒྱུ། རྒྱལ་ལམ་109ལེགས་གཏོང་སྒྱུར་བཀོད་དང་། རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བའི་རྟེན་འབྲེལ་ཆེ་མོའི་རྣམ་གྲངས་སོགས་འཛུགས་སྐྲུན་གང་མགྱོགས་བྱ་རྒྱུ། ལྷ་སའི་བར་སྐོར་གནའ་གྲོང་སྲུང་སྐྱོབ་དང་གྲོང་ཁུལ་རྙིང་པ་སྒྱུར་བཀོད་རིམ་སྤོར་གྱི་ལས་གྲྭ་དང་། མཚོ་བོད་ལྕགས་ལམ་གོར་ལྷ་དུམ་བུའི་གློག་རླངས་ཅན་གྱི་སྒྱུར་བཀོད། ཀྲུའུ་ནུའོ་ཟངས་གཏེར་དང་། ཧྭ་ཐའེ་ལུང་གི་དུས་ཐེངས་གསུམ་པའི་གཏེར་སྙིགས་གསོག་མཛོད། ལག་སྐོར་ཚྭ་མཚོ་སོགས་ཀྱི་རྣམ་གྲངས་སྐྲུན་འགོ་འཛུགས་རྒྱུ། གསུམ་ནས་གཙོད་གནད་རྣམ་གྲངས་གྲབས་གསོག་ཡག་པོ་བྱ་རྒྱུ་དང་། རྒྱལ་ལམ་6རྒྱུད་ཀྱི་མཚོ་བོད་མྱུར་བགྲོད་གཞུང་ལམ་དང་། གཡུ་ལུང་ཟངས་གཏེར་གྱི་དུས་ཐེངས་གསུམ་པ། སྐྱིད་མཛེས་ཚྭ་མཚོ། མར་མིག་ཚྭ་མཚོ་སོགས་གཙོ་གནད་རྣམ་གྲངས་ཀྱི་དུས་འགོའི་ལས་དོན་ལ་སྐུལ་འདེད་གང་མགྱོགས་གཏོང་རྒྱུ། བཞི་ནས“ལོ་ལྔ་ཚན་བཅོ་ལྔ་པའི”རྣམ་གྲངས་ཇུས་འགོད་གང་མགྱོགས་བྱ་རྒྱུ་དང་། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་གཙོ་གནད་རྣམ་གྲངས་ཀྱི་ཇུས་གཞི་དང“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཀྱི་བསམ་གཞིར་ཞིབ་འཇུག་བྱེད་པའི་ལས་དོན་ལ་དུས་གཅིག་ཏུ་སྐུལ་འདེད་བཏང་སྟེ། འཕེལ་རྒྱས་ལ་འཕྲལ་མཁོ་ཆེ་ཞིང་མང་ཚོགས་ཀྱི་རེ་སྒུག་ཆེན་པོ་བྱེད་པ་མ་ཟད། ཁྱོན་ཡོངས་རང་བཞིན་དང་། རྨང་གཞིའི་རང་བཞིན། འཐབ་ཇུས་རང་བཞིན་བཅས་ལྡན་པའི“ལོ་ལྔ་ཚན་བཅོ་ལྔ་པའི”གཙོ་གནད་རྣམ་གྲངས་ཀྱི་ལས་གྲྭ་ཁག་གཅིག་སྔ་ཙམ་འཆར་འགོད་དང་གྲབས་གསོག་བྱ་རྒྱུ། རྒྱལ་ཁབ་ཀྱི་རྒྱབ་སྐྱོར་ཆེན་པོ་ཐོབ་ཐབས་བྱས་ཏེ། “ལོ་ལྔ་ཚན་བཅོ་ལྔ་པའི”འགོ་འཛུགས་ལོར་རྣམ་གྲངས་ཁག་གཅིག་དོན་འཁྱོལ་ཐུབ་པར་འགན་ལེན་བྱ་རྒྱུ་བཅས་ཡིན།

(གཉིས) ཐོན་ཁུངས་ཀྱི་ལེགས་ཆ་རྨང་གཞིར་བྱས་ཏེ། དེང་རབས་ཅན་གྱི་ཐོན་ལས་མ་ལག་གང་མགྱོགས་གཏོད་རྒྱུ། ཞིང་ཆེན་རིམ་པའི་འགོ་ཁྲིད་ཀྱིས་ཐོན་ལས་འཕེལ་རྒྱས་གཏོང་རྒྱུའི་འགན་ལེན་ལམ་སྲོལ་དོན་འཁྱོལ་གྱིས་ཐོན་ལས་འཕེལ་རྒྱས་ཀྱི་མ་དངུལ་སྒོར་དུང་ཕྱུར་30བཀོད་སྒྲིག་བྱས་ཏེ། ཐོན་ལས་ལ་གྲངས་འཛིན་ཅན་གྱི་ནུས་པ་འདོན་པ་དང་། འབྱུང་འཕྲོད་ཅན་གྱི་སྒྱུར་བཀོད་བྱེད་པ། མཉམ་འདུས་ཅན་གྱི་འཕེལ་རྒྱས་གཏོང་བ། སྤུས་རྟགས་ཅན་གྱི་འཛུགས་སྐྱོང་བཅས་བྱ་རྒྱུ་སྟེ། གཅིག་ནས་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་གང་མགྱོགས་གཏོང་རྒྱུ་དང་། ཆུ་འོད་རླུང་གསུམ་གཞི་གཅིག་ཅན་གྱི་རྟེན་གཞི་འཛུགས་སྐྲུན་ལ་སྐུལ་འདེད་གང་མགྱོགས་གཏོང་རྒྱུ། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ་གཙོ་བོར་གློག་གསོག་དྲ་ཚིགས་མང་དུ་གཏོང་རྒྱུ། བསྐྲུན་ཟིན་པ་དང་སྐྲུན་བཞིན་པའི་གློག་འདོན་འཕྲུལ་ཤུགས་ཆན་ཝ་ཁྲི་3000ཡན་ཟིན་པ་བྱས་ནས་10%ཡན་འཕར་བ་དང་། བསྐྲུན་ཟིན་པའི་གློག་འདོན་འཕྲུལ་ཤུགས་ཆན་ཝ་ཁྲི་1150ཡན་ཟིན་པ་བྱས་ནས་20%ཡན་འཕར་བ་བྱ་རྒྱུ། གཉིས་ནས་གསར་དར་བཟོ་ལས་འཕེལ་རིམ་མགྱོགས་སུ་གཏོང་རྒྱུ་དང་། སྲོལ་རྒྱུན་ཐོན་ལས་སྲ་བརྟན་དང་རིམ་སྤོར་བྱས་ནས་འབྱུང་འཕྲོད་བཟའ་བཅའི་བཟོ་ལས་དང་སྐྱེ་དངོས་ཀྱི་གནོད་མེད་ཐོན་ལས་ཀྱི་སྤུས་ཚད་ལེགས་སུ་དང་གཞི་རྒྱ་ཆེ་རུ་གཏོང་རྒྱུ། བོད་ལུགས་གསོ་རིག་ཐོན་ལས་གཞི་ཁྱོན་ཅན་དང་ལེགས་བསྡུས་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། བོད་ལུགས་གསོ་རིགས་ཁྱབ་ཁོངས་ཀྱི་ཚན་རྩལ་རྣམ་གྲངས་ཞིབ་འཇུག་གི་འགག་སྒྲོལ་བྱེད་ཤུགས་ཆེ་རུ་བཏང་ནས་བོད་ལུགས་གསོ་རིག་གི་ཚད་གཞི་བཟོ་བར་སྐུལ་འདེད་གཏོང་རྒྱུ། གསར་དར་ཐོན་ལས་སྐྱེད་སྲིང་དང་རྒྱ་སྟོབས་ཆེ་རུ་བཏང་སྟེ། འབྱུང་འཕྲོད་ཅན་དང་གྲངས་འཛིན་ཅན་གྱི་སྒྱུར་བཀོད་བྱ་སྤྱོད་སྤེལ་ནས། ཟངས་དང་ལི་སོགས་འཐབ་ཇུས་ཀྱི་ཐོན་ཁུངས་གསར་སྤེལ་བྱེད་ནུས་རྒྱ་སྐྱེད་དང་སྤུས་ཚད་ལེགས་སུ་གཏོང་རྒྱུ་དང་། ཨར་འདམ་ལས་རིགས་བཀོད་སྒྲིག་བྱེད་སྟངས་ལེགས་སུ་བཏང་ནས་མ་གནས་བཅག་ནས་ཕན་འབྲས་ཆེ་རུ་གཏོང་རྒྱུ། ཆིང་དབྱང་ཐོན་ལས་ཀྱི་ཚོད་ལྟའི་དཔེ་སྟོན་བྱ་སྤྱོད་དང་ས་མཐོའི་ཐབ་ཆས་ཀྱི་དམངས་ཕན་བྱ་སྤྱོད་ལག་བསྟར་བྱ་རྒྱུ། ས་མཐོའི་འཕྲུལ་ཆས་སྒྲིག་ཆས་ལས་རིགས་དང་མི་མེད་གནམ་གྲུའི་ཐོན་ལས་ལ་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་གཏོང་རྒྱུ། འབྱུང་འགྱུར་ཐོན་ལས་སྔོན་ཚུད་ནས་བཀོད་སྒྲིག་བྱ་རྒྱུ་སྟེ། 5Gདང་། ཟོག་འབྲེལ་དྲ་རྒྱ། བཟོ་ལས་དྲ་སྦྲེལ་སོགས་རྨང་གཞིའི་སྒྲིག་བཀོད་གསར་པ་བཀོད་སྒྲིག་གང་མགྱོགས་ཀྱིས་བཟོ་ལས་གྲངས་འཛིན་ཅན་དུ་ཕྱོགས་སྒྱུར་དང་རྩིས་ནུས་གཞི་གཅིག་ཅན་དུ་སྒྱུར་བའི་བྱ་སྤྱོད་ལག་ལེན་བསྟར་ཏེ། མི་ཐབས་རིག་ནུས་སོགས་འབྱུང་འགྱུར་ཐོན་ལས་ས་མཐོའི་ཁོར་ཡུག་དང་འཚམ་པར་སྤྱོད་ཐུབ་པའི་འཚོལ་ཞིབ་ཧུར་ཐག་བྱ་རྒྱུ། གསུམ་ནས་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གང་མགྱོགས་གཏོང་རྒྱུ་དང་། ཁྱད་ལྡན་རིག་གནས་ཡུལ་སྐོར་ཐོན་ལས་སྐྱེད་སྲིང་གི་ལས་གཞི་ལག་བསྟར་གཏིང་ཟབ་བྱས་ཏེ་མཛེས་ལྗོངས་ཁུལ་རྩེ་གྲ་དང་ཡུལ་སྐོར་རྫོང་གྲགས་ཅན་འཛུགས་གཏོད་ལ་ཤུགས་རྒྱག་རྒྱུ། “གྲངས་རིག་པོ་ཏ་ལ”ཞེས་པའི་རིག་གནས་ཡུལ་སྐོར་མཉམ་འདྲེས་གསར་གཏོད་དཔེ་སྟོན་ཁུལ་དང་གུ་གེའི་གནའ་ཤུལ་གནའ་རྫས་རྟོག་ཞིབ་སྤྱི་གླིང་སོགས་གྲངས་རིག་རིག་གནས་ཡུལ་སྐོར་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ། ཡུལ་སྐོར་ཐོན་ལས་ཁོངས་སྒྲོལ་མཉམ་འདྲེས་ངང་འཕེལ་རྒྱས་བཏང་ནས་རིག་གནས་ཐོན་ལས་ཀྱི་ཐོན་སྐྱེད་རིན་ཐང་20%ཡན་འཕར་བ་དང་། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བར་སྣེ་ལེན་ཞུ་གྲངས་དང་ཡུལ་སྐོར་གྱི་སྤྱིའི་འགྲོ་སོང་ཁག་སོ་སོར་17%ཡན་དང་16%ཡན་འཕར་བ་བྱ་རྒྱུ། བཞི་ནས་དེང་རབས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་གང་མགྱོགས་གཏོང་རྒྱུ་དང་། དངུལ་རྩས་དངོས་ཚན་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་མ་ཟད། ཐོན་ལས་དང་དངུལ་རྩའི་མཉམ་ལས་ལམ་སྲོལ་འཐུས་ཚང་དུ་བཏང་ནས་སྲིད་གཞུང་དང་། དངུལ་ཁང་། དཔྱ་ཁྲལ། ཁག་ཐེག ཁེ་ལས་བཅས་དབར་གྱི་སྦྲེལ་མཐུད་བྱེད་སྒོ་རྒྱུན་དུ་སྤེལ་ནས་མ་དངུལ་མཁོ་སྤྲོད་གནད་སྨིན་ཐུབ་པ་བྱ་རྒྱུ། དམའ་དབྱིངས་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་ནས་འཕྲལ་མཁོའི་རོགས་སྐྱོབ་དང་། རྨང་གཞིའི་ཐིག་རིས། རིག་གནས་ཡུལ་སྐོར། དངོས་ཟོག་སྐྱེལ་འདྲེན། མཐའ་མཚམས་སྲུང་སྐྱོང་སོགས་ཐད་ལ་གཙོ་གནད་དུ་ཞབས་ཞུ་བྱེད་རྒྱ་ཆེ་རུ་གཏོང་རྒྱུ། རྨང་གཞིའི་ཞིབ་འཇུག་དང་ལྟེ་བའི་ལག་རྩལ་གྱི་འགག་སྒྲོལ་ལ་ཤུགས་སྣོན་བརྒྱབ་ནས་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་རྒྱུ། གཞི་ཁྱོན་ཡན་གྱི་ཞབས་ཞུའི་ལས་རིགས་ཀྱི་ཁེ་ལས་སྐྱེད་སྲིང་བྱས་ནས་ཞབས་ཞུའི་ལས་རིགས་ཀྱི་སྤུས་འབྲས་ལེགས་གཉེར་ལ་འདེགས་སྐྱོར་བྱ་རྒྱུ་བཅས་ཡིན།

(གསུམ) ལས་ཐབས་དཔེ་རྣམ་གསར་གཏོད་ཀྱིས་འདེགས་སྐྱོར་བྱས་ཏེ། འཛད་སྤྱོད་ཀྱི་སྤུས་འབྲས་ལེགས་གཉེར་ལ་སྐུལ་འདེད་གཏོང་རྒྱུ། གཅིག་ནས“གསར་གཉིས”ཀྱི་སྲིད་ཇུས་ལག་བསྟར་བྱེད་ཤུགས་དང་ཁྱབ་རྒྱ་ཆེ་རུ་བཏང་ནས་ས་མཐོའི་ཐབ་ཆས་དང་། རླངས་འཁོར། ཁྱིམ་སྤྱོད་གློག་ཆས། ཐབ་ཚང་དང་གསང་སྤྱོད་སོགས་འཛད་སྤྱོད་དངོས་རྫས་རྙིང་ཚབ་གསར་བརྗེའི་ལས་དོན་གཙོ་གནད་དུ་སྤེལ་རྒྱུ་མ་ཟད། བེད་མེད་དངོས་པོ་ཚུར་བསྡུ་དང་དབྱེ་སེལ་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ། གཉིས་ནས་འཛད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བའི་ཆེད་དོན་བྱ་སྤྱོད་ལག་བསྟར་བྱས་ཏེ། ཡོང་འབབ་དམའ་འབྲིང་གི་མང་ཚོགས་ཀྱི་ཡོང་འབབ་འཕར་བར་ཤུགས་རྒྱག་རྒྱུ་དང་། ངལ་རྩོལ་པའི་གླ་ཕོགས་རྒྱུན་གཏན་བཞིན་འཕར་བའི་ལམ་སྲོལ་ཚགས་ཚུད་དུ་གཏོང་རྒྱུ། “བདེ་སྐྱིད་ལྡན་པའི་བོད་ལྗོངས·དགའ་བདེར་རོལ་བའི་འཚོ་བ”ཞེས་པའི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་རབ་དང་རིམ་པ་གནད་སྨིན་སྤེལ་རྒྱུ། སྲོལ་རྒྱུན་གྱི་འཛད་སྤྱོད་དང་གསར་དར་འཛད་སྤྱོད་མཉམ་དུ་འཕེལ་རྒྱས་གཏོང་བའི་སྲིད་ཇུས་དང་བྱ་ཐབས་འདོན་རྒྱུ། བཟའ་བཏུང་དང་སིལ་ཚོང་ལས་རིགས་གསར་གཏོད་དང་རིམ་སྤོར་ལས་གཞི་ལག་བསྟར་བྱས་ནས་འཛད་སྤྱོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ། བཅད་གྲངས་ཡན་གྱི་ཁེ་ལས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། རྒྱལ་ཁབ་ཀྱི་མང་འདུས་སྲིད་ཇུས་བེད་སྤྱོད་གང་ལེགས་བྱ་རྒྱུ་མ་ཟད། རིག་གནས་ཡུལ་སྐོར་གྱི་འཛད་སྤྱོད་ལ་ངར་སྐུལ་དང་རྒྱ་སྐྱེད་གཏོང་བའི་སྲིད་ཇུས་དང་བྱ་ཐབས་བཟོ་འདོན་བྱས་ཏེ་རིག་གནས་ཡུལ་སྐོར་གྱི་འཛད་སྤྱོད་ཆུ་ཚད་མཐོ་རུ་གཏོང་རྒྱུ། གསུམ་ནས་སྣ་མང་ཅན་དང་རིམ་པ་མང་བའི་འཛད་སྤྱོད་རྣམ་པ་གསར་གཏོད་སྐྱོང་སྤེལ་བྱེད་པ་དང་། རྫོང་ཁོངས་ཀྱི་ཚོང་ལས་མ་ལག་འཛུགས་སྐྱོང་གཏིང་ཟབ་བྱེད་པ། འཛད་སྤྱོད་ལ་ཞབས་ཞུ་སྒྲུབ་རྒྱ་ཆེ་རུ་གཏོང་བ་བཅས་བྱས་ནས། ཚོང་ལས་དང་། ཡུལ་སྐོར། རིག་གནས། ལུས་རྩལ། བདེ་ཐང་བཅས་ཀྱི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དང་། མཚན་མོའི་འཛད་སྤྱོད་ཁྲོམ་གཞུང་གི་གདང་རིམ་སྤོར་བར་རྒྱུན་མཐུད་སྐུལ་འདེད་བཏང་ནས་མཚན་མོའི་དཔལ་འབྱོར་དར་རྒྱས་གཏོང་རྒྱུ། ཕུད་འགྲེམས་དཔལ་འབྱོར་དང་། གླིང་ཁའི་དཔལ་འབྱོར། འཁྲབ་སྟོན་དཔལ་འབྱོར་བཅས་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུ། བཞི་ནས་ས་ཁང་བདག་ཁོངས་བརྟན་ཐོག་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་རྒྱུན་མཐུད་ནས་སྐུལ་འདེད་གཏོང་བ་དང་། གསོག་ཐེབས་ས་ཆ་དང་ཚོང་ལས་ཁང་པ་ཕན་སྒྱུར་བྱེད་པ། ནོར་སྲིད་ཀྱི་ཁང་པ་ཉོ་བའི་ཁ་གསབ་སོགས་ངར་སྐུལ་སྲིད་ཇུས་རྒྱུན་མཐུད་ནས་ལག་བསྟར་བྱེད་པ། ཁྲལ་གཅོག་དང་དངུལ་བུན་གྱི་སྐྱེད་ཚད་གཅོག་པའི་སྲིད་ཇུས་དོན་འཁྱོལ་བྱེད་པ། མཁོ་ངེས་རང་བཞིན་དང་ལེགས་བཅོས་རང་བཞིན་གྱི་སྡོད་ཁང་དགོས་མཁོའི་གཏིང་ཤུགས་གང་ལེགས་བཏོན་ཏེ་ས་ཁང་བདག་ཁོངས་ཀྱི་ཁྲོམ་ར་མ་ཉམས་བརྟན་འཁྱོངས་ཡོང་བར་སྐུལ་འདེད་གཏོང་རྒྱུ། ལྔ་ནས་གྲང་ཕྲེང་ཟོག་འགྲུལ་འདུ་འགྲེམས་ལྟེ་གནས་དང་། ཚད་ལྡན་ཅན་གྱི་ཞིང་ལས་ཉོ་ཚོང་ཁྲོམ་ར། གྲོང་གསེབ་ཀྱི་ཚོང་དོན་ཕྱོགས་བསྡུས་དྲ་ཚིགས་སོགས་ཀྱི་བཀོད་པ་འཐུས་སྒོ་ཚང་དུ་གཏོང་བ་དང་། ཁྱད་ལྡན་ཐོན་རྫས་བོད་ནས་དབོར་བར་ཁ་གསབ་སྤྲོད་པའི་བྱ་སྤྱོད་སྤེལ་བ། ཟོག་འགྲེམས་ཀྱི་མ་གནས་ཉུང་གཏོང་དང་ཕན་འབྲས་ཆེར་གཏོང་ལ་སྐུལ་འདེད་ཟམ་མི་ཆད་པར་གཏོང་བ་བཅས་ཀྱི་ཐོག་ནས་ཞིང་འབྲོག་ཁུལ་གྱི་འཛད་སྤྱོད་ཀྱི་སྤྲོ་སེམས་འཕེལ་བར་བྱ་རྒྱུ་བཅས་ཡིན།

(བཞི) གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་གཏོང་རྒྱུ་གཙོ་གནད་དུ་བཟུང་སྟེ། རྣམ་གསར་གྲོང་ཁྱེར་གྲོང་རྡལ་ཅན་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྤྱི་འདོམས་སྐུལ་འདེད་གཏོང་རྒྱུ། གཅིག་ནས་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་སྟེ། “དར་སྤེལ་ཆེན་པོ་ལྔ”ལ་དམིགས་ཏེ་རང་སྐྱོང་ལྗོངས་ཀྱི་ཕྱོགས་ཡོངས་ནས་གྲོང་གསེབ་དར་རྒྱས་གཏོང་རྒྱུའི་འཆར་འགོད་བཟོ་རྒྱུ་དང་། “ཁྲི་སྟོང་ལས་གཞིའི”ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱས་ཏེ་ས་མཐོའི་ཞི་མཐུན་དང་མཛེས་སྡུག་ལྡན་པའི་ཤང་གྲོང་180བསྐྲུན་རྒྱུ་མ་ཟད“གྲོང་ཚོ་སྟོང་གི་དཔེ་སྟོན”དང་། ཕྱོགས་ཡོངས་ནས་མཐོར་གཏོང་། འཆར་འགོད་ཁྲིད་སྟོན། སྡོད་ཁང་སྒྱུར་བཀོད། འབྱུང་འཕྲོད་གྲོང་གསེབ་འཛུགས་སྐྲུན། རྨང་གཞིའི་སྒྲིག་བཀོད་ཡོངས་ཁྱབ་བཅས་བྱ་སྤྱོད་ཆེན་པོ་དྲུག་ནུས་ཤུགས་ཡོད་རྒུས་སྤེལ་རྒྱུ། ཞིང་ལས་ཚན་རྩལ་གསར་གཏོད་ལས་གྲྭ་ལག་བསྟར་བྱས་ནས་འབྲུ་རིགས་འགན་སྲུང་བརྟན་པོ་བྱེད་པ་དང་། འབྲོག་ལས་དར་རྒྱས་གཏོང་བ། ཁྱད་ལྡན་ཐོན་ལས་སྟོབས་ཆེར་གཏོང་བ་བཅས་མཐའ་འཁྱོངས་ཀྱིས། འདེབས་འཛུགས་ལས་རིགས་ཐད་རྒྱ་ཁྱོན་བརྟན་པོ་དང་མུའུ་རེའི་ཐོན་ཚད་འཕར་བར་སྣང་ཆེན་དང་། ཚད་གཞི་མཐོ་བའི་ས་ཞིང་མུའུ་ཁྲི་20གསར་སྐྲུན་དང་སྒྱུར་བཀོད། ས་རྒོད་བསློགས་ནས་ཞིང་ཁ་བསྐྱར་འདེབས་བཅས་བྱས་ཏེ། འབྲུ་རིགས་འདེབས་ཁྱོན་མུའུ་ཁྲི་280ཡན་དང་འབྲུ་རིགས་ཀྱི་ཐོན་འབབ་ཏུན་ཁྲི་100ཡན་བརྟན་འཁྱོངས་ཐུབ་པ་བྱ་རྒྱུ། གསོ་སྤེལ་ལས་རིགས་ཐད་རྩྭ་སྐྱེད་ཕྱུགས་འཕེལ་ལས་དོན་ཡག་པོ་བསྒྲུབ་རྒྱུ་མངོན་ཆེར་བཟུང་ནས། རྩྭ་ཐང་དུ་ཕྱུགས་ཟོག་ཤོང་ཚད་ཚན་རིག་དང་མཐུན་པར་གཏན་འཁེལ་བྱ་རྒྱུ་དང་། འབྲོང་ཚ་སོགས་ས་གནས་ཀྱི་ཕྱུགས་རིགས་རྒྱུད་གསར་གསོ་སྤེལ་ལས་དོན་ལ་ཚན་རིག་དང་མཐུན་ཞིང་བརྒྱུད་རིམ་ལྡན་པའི་ངང་སྐུལ་སྤེལ་གཏོང་རྒྱུ། ཐོན་ལས་ཅན་གྱི་གཉེར་སྐྱོང་ཐད་བཟོ་སྣོན་འཕར་ཐང་དང་ཁྲོམ་ར་གསར་འབྱེད་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུ་གནད་ཆེར་བཟུང་ནས། ཁྱིམ་ཚང་ཁྲི་སྟོང་མང་པོའི་ཐོན་སྐྱེད་ཆུང་གྲས་དང་འགྱུར་ལྡོག་ཆེ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་ར་ཆེན་པོ་ཟུང་འབྲེལ་བྱས་ཏེ་ཞིང་ཕྱུགས་ཐོན་རྫས་བཟོ་སྣོན་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་10%ཡན་འཕར་ཐུབ་པའི་བརྩོན་ལེན་བྱ་རྒྱུ། ཁྱད་ལྡན་ཡུལ་ཟོག་ལ་བརྟེན་ནས་གྲོང་གསེབ་ཀྱི་བཟོ་སྣོན་འཁོར་རྒྱུག་ལས་རིགས་དང་། སྤྲོ་གསེང་ཡུལ་སྐོར་ལས་རིགས། ཞབས་ཞུའི་ལས་རིགས་བཅས་འཕེལ་རྒྱས་བཏང་སྟེ་གྲོང་གསེབ་ཀྱི་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ། ཞིང་འབྲོག་པའི་འབབ་འཕར་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱ་ཐབས་འདོན་རྒྱུ། དབུལ་གྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བར། དབུལ་ལོག་དབུལ་འགྱུར་སྔོན་འགོག་གི་ལྟ་ཞིབ་ལས་དོན་ལ་དམ་འཛིན་བྱས་ནས་རོགས་སྐྱོར་བྱེད་ཐབས་དོན་འཁྱོལ་དང་། རྒྱུན་རྣམ་ཅན་གྱི་དབུལ་ལོག་དབུལ་འགྱུར་སྔོན་འགོག་ལམ་སྲོལ་ཚགས་ཚུད་དུ་བཏང་ནས་གྲོང་གསེབ་ཀྱི་མི་འབོར་ཡོངས་ལ་ཁེབས་པ་བྱ་རྒྱུ་མ་ཟད། རོགས་སྐྱོར་ཐོན་ལས་སྲ་བརྟན་དང་། རིམ་སྤོར། ཕན་སྒྱུར། ལེགས་སྒྲིག་བཅས“ཁག་གཅིག་བཞི”ཡི་བྱ་སྤྱོད་ལ་སྐུལ་འདེད་ཏན་ཏིག་བཏང་ནས་གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་དབུལ་འགྱུར་གྱི་གནད་དོན་མི་ཐོན་པའི་མཐའ་ཚད་བསྲུང་རྒྱུ། གཉིས་ནས་མི་རྩ་བར་འཛིན་པའི་རྣམ་གསར་གྲོང་ཁྱེར་གྲོང་རྡལ་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ་སྟེ། “གྲོང་ཁྱེར་ལྔའི་ཆུ་ཚོད་གསུམ་གྱི་གྲོང་ཁྱེར་གྲོང་རྡལ་འཁོར་རྒྱ”མཉམ་དུ་འཕེལ་རྒྱས་གཏོང་ཐབས་རྒྱ་སྐྱེད་དང་ཞིབ་ཚགས་སུ་བཏང་ནས་ཐོན་སྐྱེད་དང་། འཚོ་བ། སྐྱེ་ཁམས་བཅས་ཕན་ཚུན་མཐུན་སྦྱོར་གྱི་ཐོན་ལས་གྲོང་གསར་འཛུགས་སྐྱོང་བྱ་རྒྱུ་དང་། ཉིང་ཁྲིའི་དཔལ་འབྱོར་འཕར་གཞི་གསར་པའི་ལྟེ་གནས་འཛུགས་སྐྲུན་གང་མགྱོགས་བྱས་ཏེ། གཙོ་གནད་ལས་གྲྭ་འཛུགས་སྐྲུན་ལ་དམིགས་ནས་བྲག་ཡིབ་དང་སྨན་གླིང་གཉིས་ཀྱི་ཐོན་གྲོང་མཉམ་འདྲེས་དང་མཐུན་སྦྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ནས་ཆུ་གློག་གི་ཁྱད་ལྡན་གྲོང་རྡལ་ཆུང་ངུ་ཁག་གཅིག་གཏོད་རྒྱུ། གྲོང་ཁྱེར་གསར་སྒྱུར་བྱ་སྤྱོད་དང་བདེ་འཇགས་མཉེན་ཤུགས་ཆེར་གཏོང་བྱ་སྤྱོད་ལག་བསྟར་བྱས་ཏེ། ཁུལ་ཆུང་རྙིང་གྲས་དང་གྲོང་ནང་གྲོང་ཚོ་སྒྱུར་བཀོད་ལ་སྐུལ་འདེད་གང་མགྱོགས་བཏང་ནས་གྲོང་ཁྱེར་གྱི་ས་འོག་སྦུག་ལམ་དྲ་རྒྱ་དང་། འཚོ་བའི་གད་སྙིགས་དང་བཙོག་ཆུ་གཙང་བསིང་གི་སྒྲིག་བཀོད་སོགས་སྐྲུན་པར་སྐུལ་འདེད་གཏོང་རྒྱུ། ཤང་གྲོང་ཚང་མ་དང་སྲིད་འཛིན་གྲོང་ཚོ་90%ཡན་ལ་མཁྲེགས་ལམ་ཤར་གཏོང་ཐུབ་པ་བྱ་རྒྱུ། ལྗོངས་ནང་ཁུལ་གྱི་བཟོ་སྐྲུན་ལས་རིགས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་30%ཡན་འཕར་བ་བྱ་རྒྱུ། གསུམ་ནས་གནོད་འཚེ་ཕོག་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་ལས་དོན་ལ་དམ་འཛིན་ཡག་པོ་བྱ་རྒྱུ་དང་། འཆར་གཞི་སྔོན་ལ་འགོད་རྒྱུ་མཐའ་འཁྱོངས་ཀྱིས་གནོད་འཚེ་ཕོག་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་གྱི་འཆར་འགོད་བཟོ་སྒྲིག་ཡག་པོ་བྱས་ཐོག ཀྲུང་དབྱང་གི་ཁ་གསབ་མ་དངུལ་བེད་སྤྱོད་གང་ལེགས་དང་ཕྱོགས་ཁག་གི་མ་དངུལ་སྒྲིལ་སྤྱོད་བྱས་ཏེ་བསྐྱར་སྐྲུན་ལས་དོན་གང་མགྱོགས་སྤེལ་རྒྱུ། མི་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་གནོད་འཚེ་ཕོག་པའི་མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པ་དང་ཁ་ཚ་དགོས་གཏུགས་ཀྱི་སྡོད་ཁང་སོགས་ཀྱི་གནད་དོན་སྔོན་ལ་ཐག་གཅོད་བྱ་རྒྱུ། རྨང་གཞིའི་སྒྲིག་བཀོད་དང་། སྤྱི་པའི་ཞབས་ཞུ། ཐོན་ལས་གོང་འཕེལ། སྐྱེ་ཁམས་ཁོར་ཡུག་བཅས་སླར་གསོ་བསྐྱར་སྐྲུན་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས་གནོད་འཚེ་ཕོག་ཁུལ་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་སླར་གསོ་གང་མགྱོགས་ཐུབ་པ་བྱ་རྒྱུ་བཅས་ཡིན།

(ལྔ) སྤྱི་ཚོགས་ཀྱི་བྱ་གཞག་འགག་རྩར་བཟུང་སྟེ། དམངས་འཚོར་འགན་སྲུང་དང་ལེགས་བཅོས་ཏན་ཏིག་བྱ་རྒྱུ། མ་དངུལ་སྒོར་དུང་ཕྱུར་148བཀོད་སྒྲིག་བྱས་ནས་དམངས་འཚོའི་བྱ་བ་དངོས་ཁག་28བསྒྲུབ་རྒྱུ་སྟེ། གཅིག་ནས་ལས་ཞུགས་སྔོན་འཇོག་གི་འཐབ་ཇུས་མཐའ་འཁྱོངས་ཀྱིས་ལྗོངས་ཕྱི་དང་ལྗོངས་ནང་ཁུལ་དང་། གྲོང་ཁྱེར་གྲོང་རྡལ་དང་ཞིང་འབྲོག་ཁུལ་གྱི་ངལ་ནུས་ཁྲོམ་ར་གཉིས་སྤྱི་འདོམས་བྱས་ནས་ཞིང་འབྲོག་པ་མི་ཁྲི་63ཡན་གནས་སྒྱུར་ལས་ཞུགས་ཐུབ་པ་བྱ་རྒྱུ། གཉིས་ནས་དུས་ཡུན་ཆེས་རིང་བའི་དམིགས་བསལ་རྒྱལ་བུན་གྱི་གོ་སྐབས་དམ་འཛིན་བྱ་རྒྱུ་དང་། ས་མཐོའི་དོན་དངོས་དང་འཚམ་པའི་དཔེ་རྣམ་གསར་པ་དང་ལག་རྩལ་གསར་པ་ཁྱབ་གདལ་དང་སྤྱོད་ཤུགས་ཆེ་རུ་བཏང་ཐོག ཚོད་ལྟའི་ཉམས་མྱོང་ཕྱོགས་ཡོངས་ནས་ཕྱོགས་བསྡོམས་བྱས་ཏེ་ནུས་རྒྱུ་གཙང་མའི་དྲོད་གཏོང་རྣམ་གྲངས་བརྟན་པོའི་ངང་སྤེལ་རྒྱུ། གསུམ་ནས་སློབ་གསོའི་སྤུས་ཚད་ལེགས་སུ་གཏོང་བར་ཤུགས་རྒྱག་རྒྱུ་དང་། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་གསོ་སློབ་ཁྲིད་སྒྱུར་བཅོས་ལ་ཤུགས་སྣོན་རྒྱག་རྒྱུ། རྨང་གཞིའི་སློབ་གསོའི་ཐོན་ཁུངས་སྤྱི་འདོམས་བཀོད་སྒྲིག་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་བོད་ལྗོངས་འཛིན་གྲྭའི་བཀོད་པ་ལེགས་སྒྱུར་དང་སློབ་གཉེར་ཆུ་ཚད་མཐོ་རུ་གཏོང་རྒྱུ་དང་། བོད་ལྗོངས་ཆ་ཚང་སློབ་འབྲིང(སི་ཁྲོན་ཐེན་ཧྥུའུ)འཛུགས་སྐྲུན་གང་མགྱོགས་བྱ་རྒྱུ། ཐོན་སློབ་མཉམ་འདྲེས་ཀྱི་རྣམ་པ་གསར་པ་བཏོད་དེ་ལས་རིགས་སློབ་གྲྭའི་སློབ་གཉེར་ནུས་པ་ཆེ་རུ་བཏང་ནས་གཞིས་རྩེའི་ལས་རིགས་ལག་རྩལ་སློབ་གླིང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ། མཐོ་སློབ་རིག་ཚན་གྱི་ཆེད་ལས་གྲུབ་ཆ་སྐབས་བསྟུན་ལེགས་སྒྲིག་བྱས་ནས“རྩེ་གྲས་གཉིས”འཛུགས་སྐྲུན་གང་མགྱོགས་བྱ་རྒྱུ། སློབ་གསོའི་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། བཞི་ནས་སྨན་བཅོས་ཞབས་ཞུའི་ཆུ་ཚད་ནུས་ཤུགས་ཡོད་རྒུས་མཐོ་རུ་གཏོང་རྒྱུ་དང་། སྨན་བཅོས་འཕྲོད་བསྟེན་གྱི་རྨང་གཞི་བརྟན་གཏོང་ལས་གཞི་ལག་བསྟར་བྱས་ཏེ་གཞི་རིམ་གྱི་སྨན་བཅོས་དང་། ནད་ཡམས་ཚོད་འཛིན། བུད་མེད་དང་བྱིས་པ། ལྟ་སྐུལ་སོགས་ཀྱི་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ། བུ་བཙར་སྐུལ་འདེད་གཏོང་བའི་སྲིད་ཇུས་ཚགས་ཚུད་དུ་གཏོང་རྒྱུ། “དམིགས་བྱ་ལྔའི”བླང་བྱ་རྒྱུན་མཐུད་ནས་དོན་འཁྱོལ་བྱས་ཏེ་འཕྲོད་བསྟེན་བདེ་ཐང་གི“བྱ་སྤྱོད་ཁག་བརྒྱད”ལ་གྲུབ་འབྲས་གསར་པ་ཐོབ་པར་བྱ་རྒྱུ། སྨན་བཅོས་འཕྲོད་བསྟེན་གྱི་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་བྱས་ཏེ། གཞུང་བཙུགས་སྨན་ཁང་སྒྱུར་བཅོས་ལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བའི་རྣམ་གྲངས་ལག་ལེན་བསྟར་ནས“1+7+13”སྨན་ཁང་གི་རོགས་སྐྱོར་གྲུབ་འབྲས་སྲ་བརྟན་དང་གོང་མཐོར་གཏོང་རྒྱུ། སྨན་བཅོས་ཀྱི་ཐོན་ཁུངས་སྤུས་ལེགས་གཤམ་སྒྱུར་རྒྱ་སྐྱེད་དང་དོ་སྙོམས་བཀོད་སྒྲིག་ལ་སྐུལ་འདེད་རྒྱུན་མཐུད་བཏང་སྟེ། རྒྱལ་ཁབ་ཁུལ་ཁོངས་ཀྱི་སྨན་བཅོས་ལྟེ་གནས་2སྐྲུན་འགོ་འཛུགས་པ་དང་། རྒྱལ་ཁབ་ཀྱི་ས་མཐོའི་ནད་གཞིའི་གསོ་རིག་ལྟེ་གནས་འཛུགས་རེ་ཞུ་བ། རྒྱལ་ཁབ་ཀྲུང་ལུགས་གསོ་རིག་ལྟེ་གནས(བོད་ལུགས་གསོ་རིག)འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ཚགས་དམ་རྣམ་པའི་སྨན་བཅོས་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་གཏིང་ཟབ་ཏུ་གཏོང་བ་བཅས་བྱ་རྒྱུ། ལྔ་ནས་སྤྱི་པའི་རིག་གནས་ཀྱི་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བའི་གལ་ཆེའི་རིག་གནས་བྱེད་སྒོ་སྤེལ་རྒྱུ། རིག་རྩལ་བརྩམས་ཆོས་སྤུས་དག་ལས་གཞི་དང་། གཞི་རིམ་རིག་གནས་ཀྱི་འཐབ་ས་སྟོབས་ཆེར་གཏོང་བའི་ལས་གཞི། རིག་གནས་དམངས་ཕན་ལས་གཞི། “བོད་ལྗོངས་ལ་མྱོང་རོལ་བྱེད། ང་ཡི་ཀྲུང་ཧྭ་ལ་དགའ”ཞེས་པའི་རིག་གནས་ཁྱབ་སྤེལ་དང་མཉམ་འདྲེས་ལས་གཞི་བཅས་ལག་བསྟར་གཏིང་ཟབ་བྱས་ཏེ། རྫོང(ཆུས་དང་གྲོང་ཁྱེར)དང་སྲིད་འཛིན་གྲོང་ཚོའི་རིག་རྩལ་འཁྲབ་སྟོན་རྒྱ་ཁྱབ་ཏུ་སྤེལ་རྒྱུ་དང་། སྤུས་ཀ་ལེགས་པའི་རིག་གནས་ཐོན་ཁུངས་གཞི་རིམ་དུ་ཐད་ཀར་སྐྱེལ་བའི་ལམ་སྲོལ་འཛུགས་རྒྱུ། རྒྱལ་ཡོངས་ཀྱི་རིག་དངོས་ཡོངས་བཤེར་དང་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་བེད་སྤྱོད་ཏན་ཏིག་བྱ་རྒྱུ། བློ་རིག་རླུང་འཕྲིན་བརྙན་འཕྲིན་འཛུགས་སྐྱོང་བྱ་རྒྱུ། རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་གྱི་མཐར་སོན་འགྲན་བསྡུར་སོགས་གལ་ཆེའི་འགྲན་བསྡུར་བྱེད་སྒོ་གྲབས་གཉེར་བྱ་རྒྱུ། དྲུག་ནས་སྤྱི་ཚོགས་འགན་སྲུང་ཞབས་ཞུར་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུ་དང་། གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་པའི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་གྱི་ནོར་སྲིད་ཀྱི་ཁ་གསབ་ཚད་གཞི་མཐོ་རུ་གཏོང་རྒྱུ། ཆ་རྐྱེན་འཛོམས་པའི་གྲོང་ཚོའི་འཕྲོད་བསྟེན་ཁང་ཚང་མ་སྨན་བཅོས་འགན་བཅོལ་གྱི་དམིགས་འཛུགས་ས་ཚིགས་ཁོངས་སུ་འཇུག་པར་སྐུལ་འདེད་གཏོང་རྒྱུ། ལྗོངས་ཡོངས་ཀྱི་སྨན་བཅོས་ཞབས་ཞུའི་རིན་གོང་སྐབས་བསྟུན་ལེགས་སྒྲིག་ལ་སྐུལ་འདེད་གཏོང་རྒྱུ། ཡོང་འབབ་དམའ་བའི་མི་སྣར་སྐབས་བསྟུན་ལྟ་ཞིབ་བྱེད་ཤུགས་ཆེ་རུ་བཏང་ནས་ཡོང་འབབ་དམའ་ཞིང་དཀའ་ངལ་ཡོད་པའི་ཁྱིམ་ཚང་ལ་ཁ་གསབ་རོགས་དངུལ་སྤྲོད་པའི་ཕུགས་ཕན་ལམ་སྲོལ་འཛུགས་རྒྱུ། སྤྱི་ཚོགས་རོགས་སྐྱོབ་ཀྱི་མཐའ་སྐྱོང་འགན་སྲུང་ལས་དོན་ལ་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་རོགས་སྐྱོབ་ཀྱི་དམངས་འཚོའི་ལས་གཞི་གཏིང་ཟབ་སྤེལ་ཞིང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་སྲུང་དང་རྒན་རྒོན་གྱི“ཁ་གསབ་གཉིས”སོགས་གཞི་རྩའི་དམངས་འཚོ་འགན་སྲུང་གི་ཚད་གཞི་མཐོ་རུ་གཏོང་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོའི་འགན་བཅོལ་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་གཞི་རྩའི་རྒན་གསོའི་འགན་བཅོལ་ནང་ཞུགས་ཚད་96%ཡན་ཟིན་ཐུབ་པ་བྱ་རྒྱུ་དང་། “རྒན་གཅིག་ཆུང་གཅིག”གི་ལས་གཞིར་མུ་མཐུད་སྐུལ་སྤེལ་བཏང་ནས་རྒན་གསོ་དང་བུ་བཅོལ་གྱི་ཞབས་ཞུ་མཁོ་འདོན་བྱེད་རྒྱ་ཆེ་རུ་གཏོང་རྒྱུ། དབང་པོ་སྐྱོན་ཅན་གྱི་སྤྱི་ཚོགས་འགན་སྲུང་ལམ་ལུགས་དང་གཅེས་སྐྱོང་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ་བཅས་ཡིན།

(དྲུག) དཔལ་འབྱོར་སྒྲིག་གཞི་སྒྱུར་བཅོས་ཁྲིད་སྟོན་དུ་བྱས་ཏེ། འཕེལ་རྒྱས་གྱི་གསོན་ཤུགས་རྒྱུན་ཆད་མེད་པར་འཕེལ་བ་བྱ་རྒྱུ། གཅིག་ནས་སྲིད་ཇུས་ཀྱི“སྣ་འདུས་ཐབས་བཟང”གང་ལེགས་སྤྱོད་རྒྱུ་དང་། དཔལ་འབྱོར་ལ་དབྱེ་ཞིབ་དང་ཞིབ་འཇུག་གཏིང་ཟབ་བྱས་ཏེ། རྒྱལ་ཁབ་ཀྱི་སྲིད་ཇུས་དང་དཔེ་བསྡུར་བྱས་ནས་ལེ་ལག་ཚང་བའི་ལག་བསྟར་ཞིབ་སྲོལ་འཕྲལ་མར་བཟོ་རྒྱུ། ནོར་སྲིད་དང་། ལས་ཞུགས། ཐོན་ལས། ཁུལ་ཁོངས་སོགས་ཀྱི་སྲིད་ཇུས་དང་སྒྱུར་བཅོས་སྒོ་དབྱེ་བྱེད་ཐབས་ཀྱི་མཐུན་སྦྱོར་དང་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་སྟེ། དཔལ་འབྱོར་གྱི་སྲིད་ཇུས་དང་དཔལ་འབྱོར་རང་བཞིན་མིན་པའི་སྲིད་ཇུས་རྣམས་གཞི་ཆེའི་སྲིད་ཇུས་འཛིན་ཕྱོགས་ལ་གཅིག་མཐུན་ཚོད་སྐོར་བྱེད་པའི་ཁོངས་སུ་གཅིག་གྱུར་འཇོག་རྒྱུ། སྲིད་ཇུས་བཟོ་བ་དང་ལག་བསྟར་བྱེད་པའི་བརྒྱུད་རིམ་ཧྲིལ་པོར་སྤྱི་འདོམས་བྱས་ནས་སྲིད་ཇུས་སྤྱི་ཡོངས་ཀྱི་ཕན་ནུས་ཆེ་རུ་གཏོང་རྒྱུ། གཉིས་ནས་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་དང་། ལྗོངས་ཏང་ཨུད་ཀྱི“དབང་ཆ་ལྔའི”བཀོད་སྒྲིག་བླང་བྱ་རྒྱུན་མཐུད་ནས་དོན་འཁྱོལ་བྱས་ཏེ། གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ཟབ་གཏོང་དང་རིམ་པ་སྤོར་བའི་བྱ་སྤྱོད་ཀྱི་ལས་འགན་དམིགས་ཚད་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱ་རྒྱུ། གཞུང་ཁོངས་མ་རྩ་དང་གཞུང་ཁོངས་ཁེ་ལས་མུ་མཐུད་ལེགས་སྒྱུར་དང་རྒྱ་སྟོབས་ཆེ་རུ་གཏོང་རྒྱུ། གསུམ་ནས་ཚོང་གཉེར་ཁོར་ཡུག་ལེགས་སུ་རྒྱུན་མཐུད་གཏོང་རྒྱུ་དང་། བོད་རང་སྐྱོང་ལྗོངས་ཀྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རྒྱུའི་སྲོལ་ཡིག་དོན་འཁྱོལ་བྱ་རྒྱུ། “ལས་ཕྱོད་ཆེན་པོས་བྱ་བ་གཅིག་སྒྲུབ་པར”ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ། རིམ་པ་མང་པོ་དང་དམངས་གཉེར་ཁེ་ལས་དབར་རྒྱུན་དུ་སྦྲེལ་མཐུད་སྤེལ་རེས་དང་གནད་དོན་ཐག་གཅོད་བྱེད་པའི་ལམ་སྲོལ་བཙུགས་ཐོག

(པར་ངོས་བརྒྱད་པར་གཟིགས)(པར་ངོས་བདུན་པར་མཐུད) སྲིད་གཞུང་དང་ཚོང་པའི་དབར་གྱི་ཆོག་འཐུས་གསལ་ཐོ་དང་བཀག་རྒྱའི་གསལ་ཐོ་བཟོས་ཏེ། ཉེ་གཙང་གཅིག་གྱུར་གྱི་སྲིད་གཞུང་དང་ཚོང་པའི་དབར་གྱི་འབྲེལ་བ་གསར་པ་ཆགས་པར་བྱ་རྒྱུ། དམངས་ཁྲོད་མ་འཇོག་གི་གསལ་ཐོ་སྐབས་བསྟུན་ལེགས་སྒྲིག་བྱས་ནས་དམངས་ཁྲོད་ཀྱི་མ་དངུལ་ཁག“གཙོ་གཉིས”ནང་འཇོག་པའི་བསྡུར་ཚད་མཐོ་རུ་གཏོང་རྒྱུ། གཙོ་གནད་ཁྱབ་ཁོངས་ཀྱི་རིག་ནུས་ཅན་གྱི་འོས་སྐུལ་འོས་དཔོད་བསྒྱུར་བཅོས་འཐུས་སྒོ་ཚང་དུ་བཏང་ནས་སྤྱི་པའི་ཐོན་ཁུངས་ཉོ་ཚོང་གི་ལས་སྟེགས་སྡེབ་སྒྲིལ་མཉམ་སྤྱོད་གཏིང་ཟབ་བྱ་རྒྱུ། བཞི་ནས་ཁྱབ་ཁོངས་གཞན་དག་གི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་དང་། གྲོང་གསེབ་ཀྱི་འགན་ལེན་ས་ཆའི“དབང་གསུམ་གསལ་འབྱེད”བསྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་རྨོ་ཞིང་བཟུང་སྤྱོད་དང་ཁ་གསབ་དོ་མཉམ་གྱི་ལམ་ལུགས་ཚགས་ཚུད་དུ་གཏོང་རྒྱུ། རེས་སྐོར་གསར་པའི་ནོར་ཁྲལ་གྱི་སྒྲིག་སྲོལ་བསྒྱུར་བཅོས་དོན་འཁྱོལ་བྱས་ནས“2+1”གི་ནོར་སྲིད་ཕྱོགས་བསྡུས་དོ་དམ་བསྒྱུར་བཅོས་ལ་སྐུལ་འདེད་ཏན་ཏིག་གཏོང་རྒྱུ། སློབ་གསོ་དང་ཚན་རྩལ་གྱི་ཤེས་ལྡན་པའི་སྒྲིག་སྲོལ་ལམ་སྲོལ་གཞི་གཅིག་ཏུ་བསྒྱུར་བཅོས་བྱ་རྒྱུར་སྤྱི་འདོམས་སྐུལ་འདེད་བཏང་ནས་སློབ་གསོ་ཕྱོགས་བསྡུས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། ཚན་རྩལ་གྱི་འབྲས་བུ་དངོས་སྒྱུར་ལམ་སྲོལ་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ཤེས་ལྡན་པ“སྐྱོང་འདྲེན་སྤྱོད་ཉར”གྱི་ལམ་ལུགས་ལམ་སྲོལ་ཚགས་ཚུད་དུ་གཏོང་བ་བཅས་བྱ་རྒྱུ། སྤུས་ལེགས་ཁེ་ལས་འབྲིང་ཆུང་སྐས་རིམ་བཞིན་འཛུགས་སྐྱོང་བྱེད་པར་སྐུལ་འདེད་ཤུགས་ཆེན་བཏང་སྟེ། ཆེད་ལེགས་ཁྱད་གསར་བཞིའི་ཁེ་ལས་ཆུང་འབྲིང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ། “སྐལ་བཟང་མེ་ཏོག་བྱ་སྤྱོད”ལག་བསྟར་གནད་འཕིགས་བྱ་རྒྱུ། ཁྲོམ་འགྲེམས་རྗེས་གྲབས་ཁེ་ལས་གཙོ་གནད་ཀྱི་མ་རྐང་ལམ་ལུགས་བསྒྱུར་བཅོས་དང་། ཟུར་ཁྲིད་སྙན་དཔོད། ཁྲོམ་འགྲེམས་རེ་ཞུ་བཅས་ལ་སྐུལ་འདེད་གཏོང་རྒྱུ། གཞུང་ཁོངས་རིག་རྩལ་ཁང་དང་ཚོགས་པ་བསྒྱུར་བཅོས་བྱ་རྒྱུ། ཉིང་ཁྲིའི་བསྒྱུར་བཅོས་སྒོ་དབྱེ་སྔོན་བསྟར་དང་སྔོན་ལ་ཚོད་ལྟ་བྱེད་པར་སྐུལ་འདེད་ཏན་ཏིག་བཏང་ནས་ལྗོངས་ཡོངས་སུ་ཕྱོགས་ཡོངས་ནས་བསྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བའི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱ་རྒྱུ་བཅས་ཡིན།

(བདུན) སྒོ་དབྱེའི་ཁུལ་ཁོངས་རྒྱ་ཆེར་གཏོང་རྒྱུ་གོ་སྐབས་སུ་བརྩིས་ཏེ། ཆུ་ཚད་མཐོ་བའི་སྒོ་དབྱེར་སྐུལ་འདེད་ནུས་ལྡན་གཏོང་རྒྱུ། ཕྱི་ཕྱོགས་སུ་ཆུ་ཚད་མཐོ་བའི་སྒོ་དབྱེ་བྱེད་པར་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་ཁག་དོན་འཁྱོལ་ནན་ཏན་བྱ་རྒྱུ་དང་། ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་བགྲོད་ལམ་གལ་ཆེན་འཛུགས་སྐྲུན་བྱ་རྒྱུར་དམིགས་ཏེ། ཕྱི་ཕྱོགས་ཚོང་དོན་བྱེད་པོ་གསོ་སྐྱོང་ཧུར་ཐག་བྱས་ནས་མཐའ་མཚམས་ཚོང་དོན་འཕེལ་རྒྱས་དང་འགག་སྒོའི་ཉོ་ཚོང་རྒྱ་སྐྱེད་གཏོང་རྒྱུ། རྒྱལ་གྲོལ་གློག་རྡུལ་ཚོང་དོན་འཕེལ་རྒྱས་གང་མགྱོགས་དང“རིགས་གསར་གསུམ”ཕྱིར་གཏོང་བྱེད་རྒྱ་ཆེ་རུ་བཏང་ནས་ཕྱི་ཕྱོགས་ཚོང་དོན་གྱི་གཞི་ཁྱོན་བརྟན་པོ་དང་། གྲུབ་ཆ་ལེགས་པ། སྤུས་འབྲས་ལེགས་པ་བཅས་ཡོང་བར་སྐུལ་འདེད་གཏོང་རྒྱུ། ལྷ་ས་གནམ་ཐང་ཁུལ་གསར་དང་ཕྱོགས་བསྡུས་སྒོ་ཁྲལ་མེད་ཁུལ་འཕེལ་རྒྱས་གང་མགྱོགས་གཏོང་བ་དང་། ལྷ་སའི་སྐམ་ཐོག་རྒྱལ་ཁབ་ཟོག་འགྲེམས་ལྟེ་གནས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ལྷ་ས་མཁའ་འགྲུལ་འགག་སྒོའི་བྱེད་ནུས་ཆེ་རུ་གཏོང་བ་བཅས་བྱས་ནས་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་ཁུལ་ཁོངས་རང་བཞིན་གྱི་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་ལྟེ་གནས་སྐྲུན་པར་ཤུགས་རྒྱག་རྒྱུ། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོར་མཉམ་འདྲེས་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། འབྲེལ་ཡོད་ཞིང་ཆེན(ལྗོངས་དང་གྲོང་ཁྱེར)དང་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་དོན་འཁྱོལ་བྱེད་པར་རྗེས་སྙེག་ཡག་པོ་བྱ་རྒྱུ། གསར་སྤེལ་ཁུལ་གྱི་ཡོངས་བསྒྲགས་དཀར་ཆག་ལ་ཞིབ་དཔྱད་བསྐྱར་བཅོས་གང་མགྱོགས་བྱས་ནས་ལྷ་ས་དཔལ་འབྱོར་གསར་སྤེལ་ཁུལ་དང་མཐོ་གསར་ཁུལ་སོགས་གསར་སྤེལ་ཁུལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བའི་ནུས་པ་ཆེ་རུ་གཏོང་རྒྱུ་མ་ཟད། སྡེ་གླིང་དུ་ཚོང་འགུགས་བྱེད་ཤུགས་ཆེ་རུ་བཏང་ནས་ཕྱི་ཚོང་ཕྱི་དངུལ་གྱི་གཞི་ཁྱོན་བརྟན་འཁྱོངས་ཐུབ་པ་བྱ་རྒྱུ། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ནང་མཉམ་འདྲེས་གཏིང་ཟབ་བྱས་ཏེ་ཀྲུང་ནེའི་མཛའ་གྲོགས་བཟོ་ལས་གླིང་སྔ་ཙམ་སྐྲུན་འགོ་འཛུགས་པར་སྐུལ་འདེད་གཏོང་རྒྱུ་དང་ནེ་པ་ལར་རོགས་སྐྱོར་བྱེད་པའི་རྣམ་གྲངས་ལག་བསྟར་ཡག་པོ་བྱ་རྒྱུ། སྐྱིད་གྲོང་གི་རྒྱལ་ཁབ་གཙོ་གནད་གསར་སྤེལ་སྒོ་དབྱེ་ཚོད་ལྟ་ཁུལ་ལ་ཆོག་འཐུས་བརྩོན་ལེན་བྱེད་པར་སྐུལ་འདེད། འགྲམ་གྲོང་རྡལ་བསྐྱར་སྐྲུན་བྱེད་པར་ཚད་གཞི་མཐོ་པོས་སྐུལ་འདེད་གཏོང་རྒྱུ། གཞིས་རྩེའི་རྒྱལ་སྤྱིའི་སྐམ་ཐོག་གྲུ་ཁ་དང་སྐྱིད་གྲོང་གི་མཐའ་མཚམས་དཔལ་འབྱོར་མཉམ་ལས་ཁུལ་འཛུགས་སྐྲུན་གང་མགྱོགས་བྱ་རྒྱུ་བཅས་ཡིན།

(བརྒྱད) སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་བཅད་བརྟན་དུ་གཏོང་རྒྱུ་དམིགས་ཚད་དུ་བཟུང་སྟེ། སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ། མཚོ་བོད་ས་མཐོ་འདི་ཉིད་མཛེས་པའི་ཀྲུང་གོའི་སྔོན་སྤེལ་ཁུལ་གྱི་རྒྱལ་ཁབ་ཀྱི་སྤྱིའི་བཀོད་ཁྱབ་ནང་འཇུག་ཐུབ་པའི་བརྩོན་ལེན་བྱ་རྒྱུ་མ་ཟད། “མཛེས་སྡུག་རིགས་འབྲེལ”འཛུགས་སྐྲུན་བྱེད་པའི་ལས་དོན་འཚོལ་ཞིབ་བྱས་ནས་སྤེལ་རྒྱུ་དང་། རྒྱལ་ཁབ་ཀྱི་ས་ཆ་སྔོ་སྒྱུར་བྱ་སྤྱོད་གཏིང་ཟབ་སྤེལ་ནས་ནགས་བཟོ་ནགས་སྐྱོང་མུའུ་ཁྲི་100ཡན་ལེགས་སྒྲུབ་བྱ་རྒྱུ་ཡིན་པའི་ནང་། ལྷོ་རི་བྱང་རི་སྔོ་སྒྱུར་ལས་གཞི་མུའུ་ཁྲི་20ཚུད་ཡོད། སྐྱེ་ཁམས་སྐྱོང་གསབ་སྤྲོད་ལམ་ཚགས་ཚུད་དུ་གཏོང་རྒྱུ། སྙིགས་རོས་ཁོར་ཡུག་ལ་སྦགས་བཙོག་བཟོ་རིགས་འགོག་བཅོས་བྱ་རྒྱུའི་སྲོལ་ཡིག་ཁྲིམས་འཛུགས་ལ་སྐུལ་འདེད་གཏོང་བ་དང་ལྗོངས་ཡོངས་ཀྱི་བཟོ་སྐྲུན་གད་སྙིགས་ཆེད་དམིགས་བཅོས་སྐྱོང་ལས་དོན་ཡག་པོ་སྤེལ་ནས་ཁུལ་ཁོངས་ཡོངས་སུ“སྙིགས་མེད་གྲོང་ཁྱེར”བསྐྲུན་རྒྱུར་རིམ་པས་སྐུལ་འདེད་གཏོང་རྒྱུ། “མཐོ་གཉིས་དམའ་གཅིག”གི་ཁེ་ལས་དང་རྣམ་གྲངས་ལ་ཞིབ་མཆན་མི་འགོད་པ་དང་ནང་འདྲེན་མི་བྱེད་པ་མཐའ་འཁྱོངས་བྱ་རྒྱུ། རྒྱལ་ཁབ་ཀྱི་ཐཱན་འབུད་ཚད་བཀག་མཐོ་ཤོས་ཀྱི་འཛུགས་སྐྲུན་ཚོད་ལྟའི་མིང་སྐལ་བརྩོན་ལེན་ཧུར་ཐག་བྱ་རྒྱུ། འབྱུང་འཕྲོད་གློག་ཤུགས་ལ་བརྟེན་ནས་ཆིང་རླུང་བཟོ་བ་དང“འོད་ནུས་བྱེ་བཅོས”གོ་རིམ་ལྡན་པའི་ངང་སྤེལ་རྒྱུ། ནགས་རྩྭ་ཐཱན་བསྡུའི་རྣམ་གྲངས་གསར་སྤེལ་ཉོ་ཚོང་ཚོད་ལྟ་སྤེལ་འགོ་འཛུགས་རྒྱུ། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་བྱེད་ལམ་ཞིབ་འཇུག་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་རྒྱུ་བཅས་ཡིན།

(དགུ) མཐའ་བརྟན་མཐའ་དར་དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་གཞི་རྟེན་དུ་བྱས་ཏེ། མཐའ་མཚམས་ས་ཁུལ་གྱི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ། འགྲིམ་འགྲུལ་དང་། ནུས་རྒྱུ། ཆུ་བེད་སོགས་རྨང་གཞིའི་སྒྲིག་བཀོད་དང་། དེ་བཞིན་སློབ་གསོ་དང་། སྨན་བཅོས། འཕྲོད་བསྟེན་སོགས་ཀྱི་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་རྒྱུན་མཐུད་ནས་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། ཡུལ་བབ་དང་བསྟུན་ནས་མཐའ་མཚམས་ཡུལ་སྐོར་དང་། མཐའ་མཚམས་ཚོང་དོན། འདེབས་གསོའི་ལས་རིགས་སོགས་འཕེལ་རྒྱས་བཏང་ནས་མང་ཚོགས་ལ་རྒྱུན་མཐུད་ནས་ཕྱུག་པོར་འགྱུར་ཐུབ་པའི་བདེ་སྐྱིད་ལམ་བུ་ཞིག་གཏོད་རྒྱུ། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་དོ་ཁུར་བྱས་ནས་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་མཐོ་རུ་བཏང་སྟེ་མང་ཚོགས་ཀྱི“འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག”བཅས་ཀྱི་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱ་རྒྱུ་བཅས་ཡིན།

(བཅུ) དམིགས་ཚད་ལས་འགན་ལེགས་འགྲུབ་བྱ་རྒྱུ་འགན་འཁྲི་གཙོ་བོར་བརྩིས་ཏེ། ནུས་ཤུགས་ཡོད་རྒུས་འཆར་གཞི་ལག་བསྟར་ལ་དམ་འཛིན་ཡག་པོ་བྱ་རྒྱུ། དཔལ་འབྱོར་འཁོར་སྐྱོད་བཀོད་གཏོང་དང་དཔལ་འབྱོར་དུས་བབ་ལ་དབྱེ་ཞིབ་ཡག་པོ་བྱེད་པ་དང་། གཞི་ཆེའི་སྟངས་འཛིན་ལ་ཤུགས་སྣོན་རྒྱག་པ། རྒྱལ་ཁབ་ཀྱི་མང་བསྡུས་འཕར་འབོར་སྲིད་ཇུས་དང་བྱེད་ཐབས་དོན་འཁྱོལ་གནད་སྨིན་ཐུབ་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། དུས་འཁོར་ལས་ལྡོག་པའི་སྙོམ་སྒྲིག་དང་ཁེ་ལས་ཀྱི་དཀའ་ངལ་སེལ་རོགས་ཡག་པོ་བཅས་བྱས་ནས་སྲིད་ཇུས་ཀྱི་ནུས་འབྲས་འདོན་སྤེལ་གང་ཐུབ་ཅི་ཐུབ་བྱ་རྒྱུ་དང་། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་འགོག་སེལ་བྱ་རྒྱུ། དམངས་འཚོའི་ཚོང་ཟོག་གལ་ཆེན་མཁོ་འདོན་འགན་ལེན་དང་རིན་གོང་བརྟན་པོ་ཡོང་བར་བྱེད་པའི་ལས་དོན་དང་དགུན་ཐུབ་ནུས་རྒྱུ་མཁོ་འདོན་འགན་ལེན་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུ། འབྲུ་རིགས་བདེ་འཇགས་འགན་སྲུང་གི་འགན་འཁྲི་ནན་དུ་དཀྲིས་ནས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་དོ་ཁུར་བྱས་ཏེ་གཞི་རིམ་གྱི“འགན་ལེན་གསུམ”གྱི་མཐའ་ཚད་བརྟན་སྲུང་བྱ་རྒྱུ། གནོད་འཚེའི་དོན་རྐྱེན་འགོག་ཟོན་དང་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཕྱོགས་མིར་དོ་དམ་དང་ཞབས་ཞུའི་ལས་དོན་ཡག་པོ་བསྒྲུབས་ཏེ་སྤྱི་ཚོགས་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱ་རྒྱུ། ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས་དོན་འཁྱོལ་དམ་འཛིན་ཡག་པོ་བྱས་ཏེ་ལོ་འཁོར་གྱི་དམིགས་ཚད་ལས་འགན་ཁག་སྤུས་ཚད་མཐོ་པོས་ལེགས་སྒྲུབ་བྱ་རྒྱུ་བཅས་ཡིན།

(རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང)